ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས5Gརྟེན་གཞི་ཁྲི81.9ལྷག་བཙུགས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ལམ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་རྒྱུས་ལོན་པ་ལྟར་ན། རང་རྒྱལ་གྱི5Gལས་དོན་ལ་འཕེལ་རྒྱལ་ཆེན་པོ་བྱུང་ཡོད་ཅིང་། བསྡོམས་པས5Gརྟེན་གཞི་ཁྲི81.9ལས་བརྒལ་བ་བཙུགས་ཡོད་ཅིང་། འཛམ་གླིང་ཡོངས་ཀྱི་བསྡུར་ཚད་ཀྱི70%ལྷག་ཟིན། 5Gལག་འཁྱེར་ཁ་པར་གྱི་མཐའ་སྣེ་སྤྱོད་མཁན་དུང་ཕྱུར2.8ལ་སླེབས་པ་དང་། འཛམ་གླིང་ཡོངས་ཀྱི་བསྡུར་ཚད་ཀྱི80%ལས་བརྒལ། 5Gཚད་གཞིའི་དགོས་ངེས་ཆེད་ཁེ་གསལ་བསྒྲགས་ཀྱི་གྲངས་ཀའི་བསྡུར་ཚད38%ལས་བརྒལ་ཏེ། ན་ནིང་གི་ལོ་སྟོད་དུ་བརྒྱ་ཆའི་ཚེག5ཙམ་མཐོར་འདེགས་བྱུང་སྟེ་འཛམ་གླིང་ཡོངས་ཀྱི་ཨང་དང་པོར་ཟིན།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། རྒྱུན་ཆད་མེད་པར5Gཡི་མགྱོགས་མྱུར་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་རྨང་གཞིའི་ནུས་ཤུགས་དང་ཐོན་ལས་ཕྲེང་འབྲེལ་གྱི་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། མཉམ་འདྲེས་ཉེར་སྤྱོད་སྐྱེ་ཁམས་སྐྲུན་རྒྱུ་ཡིན་ཞིང་། དེ་དང་ཆབས་ཅིག བརྟན་བརྙིང་ཁྲོད་འཕེལ་རྒྱས་ཡོད་པའི་སྒོ་ནས6Gའཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། 6Gཉེར་སྤྱོད་རྣམ་པའི་ཞིབ་འཇུག་གཏིང་ཟབ་སྒོས་སྤེལ་ཏེ། འགག་རྩའི་ལག་རྩལ་གྱི་གསར་གཏོད་ཚད་བརྒལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།