ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་ལྔ་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅོ་བརྒྱད་ཇེ་མང་དུ་སོང་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན།   ཚེས་བཅོ་ལྔ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅོ་བརྒྱད་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་། དེའི་ནང་དུ་ཕྱི་ནས་མཆེད་པའི་ནད་པ་བཅུ་བཞི་ཡོད་ལ།  ཀོང་ཏུང་དུ་ནད་པ་ལྔ་དང་ཡུན་ནན་དུ་ནད་པ་གསུམ།       ཧྲང་ཧེ་རུ་ནད་པ་གཉིས། ནང་སོག་ཏུ་ནད་པ་གཅིག ཧི་ནན་དུ་ནད་པ་གཅིག སི་ཁྲོན་དུ་ནད་པ་གཅིག ཧྲན་ཞི་རུ་ནད་པ་གཅིག་བཅས་བྱུང་། རང་ས་གནས་ཀྱི་ནད་པ་བཞི་ཡོད་ལ་ལེའོ་ཉིན་ནས་བྱུང་བ་རེད།

ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་དྲུག་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་སུམ་བརྒྱ་དང་སོ་དྲུག་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་སྡུར་ན་འདྲ་མཉམ་རེད།

ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་རེ་གཉིས་ཡོད་ལ།  བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་ལྔ་དང་བརྒྱད་བརྒྱ་སོ་བརྒྱད་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་ལྔ་དང་ལྔ་བརྒྱ་དོན་དྲུག་ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ཁྲི་གཅིག་དང་སྟོང་གསུམ་སུམ་བརྒྱ་ཞེ་ལྔ་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་ཉེར་གཅིག་ཡོད་པ་དང་། ནད་པ་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱ་དང་ཉེར་གཉིས་སྨན་ཁང་ནས་ཕྱིར་བུད་པ། ནད་པ་ཉིས་བརྒྱ་དང་བཅུ་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་དགུ་ཡོད་པ་དང་། ནད་པ་ཞེ་དགུ་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་སྟོང་གཅིག་དང་བཞི་བརྒྱ་དོན་ལྔ་ཡོད་པ་དང་ནད་པ་སྟོང་གཅིག་དང་བརྒྱ་དང་བཅུ་དྲུག་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བཅུ་གཉིས་རྐྱེན་ལམ་དུ་ཤོར།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།