ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་དང་ཨ་ཀིན་ཐེན་གྱི་དམངས་གྲོས་ཁང་གི་གྲོས་དཔོན་མཱ་སཱ་གཉིས་ཀྱིས་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པས་ཨ་ཀིན་ཐེན་གྱི་དམངས་གྲོས་ཁང་གི་གྲོས་དཔོན་མཱ་སཱ་དང་གྲོས་མོལ་མཛད།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་བཞི་ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པས་ཨ་ཀིན་ཐེན་གྱི་དམངས་གྲོས་ཁང་གི་གྲོས་དཔོན་མཱ་སཱ་དང་གྲོས་མོལ་མཛད། 

ལིས་ཀྲན་ཧྲུའུ་ཡིས་གསུངས་དོན། ཀྲུང་གོ་དང་ཨ་ཀིན་ཐེན་གྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་གནས། གཉིས་ཕན་གཉིས་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱས་ཏེ། གསར་དར་ཚོང་རའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་མིག་དཔེ་རུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་ལ་ཁ་པར་བཏང་བ་དང་ཐེངས་མང་བོར་ཕན་ཚུན་འཕྲིན་ཡིག་བསྐུར་ནས། ཀྲུང་གོ་དང་ཨ་ཀིན་ཐེན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བསྟུད་མར་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་མཛད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་སོང་བ་དང་དངོས་གཉེར་མཉམ་ལས་ལ་བསྟུད་མར་ཤུགས་སྣོན་བྱས་ལ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་ཟབ་མོ་སྲུང་འཛིན་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་གང་ལེགས་བྱས། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཀིན་ཐེན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་གང་ལེགས་དང་། དུས་རབས་གསར་བའི་ཀྲུང་གོ་དང་ཨ་ཀིན་ཐེན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། 

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། མིག་སྔར་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་བྱུང་ཞིང་། ཀྲུང་གོ་དང་ཨ་ཀིན་ཐེན་གྱི་མདུན་དུ་ཐུན་མོང་གི་ཉེན་ཁ་དང་འགྲན་རྩོད་ལྷགས་ཡོད་སྟབས། མཐུན་སྒྲིལ་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བའི་རིམ་འཕར་ལ་སྐུལ་འདེད་གཏོང་དགོས་ཟེར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་རྒྱབ་སྐྱོར་གང་ལེགས་བྱེད་དགོས་པ་དང་། རང་རང་གི་ཁྱད་སྟོབས་དང་འཕེལ་རྒྱས་དགོས་མཁོར་ཟུང་འབྲེལ་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ནུས་པའི་གཏེར་ཁུངས། ཞིང་ལས། དངུལ་ལོར། དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་དགོས། ཕྱོགས་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་བྱས་ནས། རིག་གནས་དང་ཚན་རྩལ། སློབ་གསོ། ལུས་རྩལ། ས་གནས། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་དུས་ཡུན་རིང་་བོའི་མཛའ་མཐུན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཕྱོགས་མང་བོའི་འཐབ་ཇུས་རོགས་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་དུ་ཕྱོགས་མང་རིང་ལུགས་དང་སྒོ་འབྱེད་བཟོད་སྒོམ་གྱི་འཛམ་གླིང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱས་ནས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་ཟེར། 

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཨ་ཀིན་ཐེན་རྒྱལ་ཚོགས་བར་མཛའ་མཐུན་འགྲོ་འོང་གི་སྲོལ་རྒྱུན་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མུ་མཐུད་དུ་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དང་ཕྱོགས་གཉིས་ཀྱི་མཉམ་ལས་གྲོས་མཐུན་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་དགོས། གཅིག་ནས་རིམ་པ་སོ་སོའི་འགྲོ་སོང་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་མགོ་ཁྲིད་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ། མཛའ་མཐུན་ཚན་ཆུང་བཅས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་བྱེད་དགོས། གཉིས་ནས་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་འགན་སྲུང་བྱས་ཤིང་།ཁྲིམས་ལྟར་གྲོས་མཐུན་སྣ་ཚོགས་དངོས་འབེབ་བྱེད་པར་ལྟ་རྟོག་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་མཉམ་ལས་ལ་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས། གསུམ་ནས་ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། རང་རང་རྒྱལ་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་ཟེར། 

མཱ་སཱ་ཡིས་བཤད་རྒྱུར། ཨ་ཀིན་ཐེན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བར་རྟེན་འབྲེལ་ཞུ་བ་དང་། ཨ་ཀིན་ཐེན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཀིན་ཐེན་གྱི་རིམས་འགོག་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་དང་ཕྱོགས་མང་རིང་ལུགས་སྲ་བརྟན་དུ་གཏོང་འདོད་ཡོད། ཁྲིམས་འཛུགས་ལས་ཁུངས་ཀྱི་འགྲོ་འོང་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོ་ཡིན་ལ། བརྗེ་རེས་ཟབ་མོས་མཉམ་ལས་རྒྱ་བསྐྱེད་པའི་རེ་བ་ཡོད་ཟེར།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།