ཀྲུང་གོ་བོད་ཀྱི་དྲ་བ།

སུན་ཁྲུན་ལན་རྒྱལ་ཁབ་ནད་རིགས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་སྒོ་བྱང་འགལ་བའི་མཛད་སྒོའི་སྟེང་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚེས13ཉིན་རྒྱལ་ཁབ་ནད་རིགས་སྔོན་འགོག་ཚོད་འཛིན་ཅུས་སྒོ་བྱང་འགལ་བའི་མཛད་སྒོ་དང་ལས་ཁུངས་གསར་འཛུགས་ཚོགས་ཆེན་སྟེང་ཞུགས་པ་མ་ཟད་གཏམ་བཤད། ཁོ་མོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནད་རིགས་ཚོད་འཛིན་མ་ལག་བཅོས་བསྒྱུར་འཐུས་ཚང་གཏོང་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག   མ་ལག་ལྟར་བསྐྱར་བཞེངས་དང་། སྔོན་འགོག་གཙོར་འཛིན་པ། ཚན་རིག་ལྟར་འགོག་བཅོས་ཚོད་འཛིན་བྱེད་པ། མཐུན་འགྲིག་ནུས་མཐོའི་རྩ་དོན་ལྟར། སྒྲིག་གཞི་སྒྲིག་སྲོལ་ཇེ་ལེགས་སུ་བཏང་ནས། བྱེད་ནུས་ཀྱི་གནས་ཚད་གསལ་བོར་བྱེད་པ། དེ་མིན་ཆེད་ལས་ཀྱི་ནུས་ཤུགས་མཐོར་འདེགས་སུ་བཏང་སྟེ། ཀྲུང་དབྱང་ནས་གཞི་རིམ་བར་གྱི་མགོ་ཁྲིད་ལ་ནུས་ཤུགས་ཡོད་པ་དང་། དབང་གྲགས་ཀྱི་ནུས་མཐོའི་ནད་རིགས་ཚོད་འཛིན་མ་ལག་གྲུབ་པར་བྱས་ཏེ། མི་དམངས་ཀྱི་བདེ་ཐང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་ཐད་འགན་སྲུང་མཁོ་འདོན་བྱེད་དགོས་ཞེས་བསྟན། 

སུན་ཁྲུན་ལན་གྱིས་བསྟན་དོན། ནད་རིགས་ཚོད་འཛིན་མ་ལག་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་ནི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྤྱི་བའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཁྱོན་ཡོངས་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་བྱེད་ཐབས་སྐུལ་འདེད་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོང་ཆེན་བྱེད་པ་དང་དངོས་སུ་ནད་རིགས་ཚོད་འཛིན་མ་ལག་བཅོས་བསྒྱུར་བྱེད་ཐབས་ལ་གཏན་འཁེལ་བྱས། ཏང་གིས་ནད་རིགས་ཚོད་འཛིན་བྱ་བའི་གཅིག་བསྡུས་མགོ་ཁྲིད་ལ་ཤུགས་བསྣོན་དང་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་བྱེད་ཐབས་བཀོད་སྒྲིག་དོན་འཁྱོལ་དང་སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་རིམ་པ་བཞིའི་སྡེ་ཁག་འཛུགས་སྒྲུབ་བྱ་བ་ལེགས་འགྲུབ་བྱེད་པ་དང་། གོང་རིམ་ནད་རིགས་ཚོད་འཛིན་སྡེ་ཁག་གིས་རིམ་པ་འོག་མའི་ནད་རིགས་ཚོད་འཛིན་ལས་གཉེར་མགོ་ཁྲིད་དང་། བྱ་བའི་མཐུན་འགྲིག་ཤུགས་དྲག་ཏུ་བཏང་ནས། སྔོན་འགོག་དང་བཅོས་སྐྱོང་གཉིས་ཟུང་འབྲེལ་དང་། མཉམ་འབྲེལ་སྒོས་འགོག་བཅོས་ཚོད་འཛིན་བྱེད་པ། ཚོགས་པའི་འགོག་བཅོས་ཚོད་འཛིན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། བྱེད་ནུས་འཐུས་ཚང་ཡིན་པའི་ནད་རིགས་ཚོད་འཛིན་དྲ་བ་རྩ་འཛུགས་དང་། རིགས་དབྱེའི་སྤྱི་བའི་འཕྲོད་བསྟེན་གྱི་འཕྲལ་བསྟུན་དཔུང་ཁག་འཛུགས་སྐྲུན་དང་། སྨན་བཅོས་འགོག་སྲུང་མཐུན་འགྲིག་སྒྲིག་གཞི་གསར་གཏོད་དང་། ཚན་རིག་ཞིབ་འཇུག་ཆེད་ལས་ཀྱི་གཞོགས་འདེགས་ལ་ཤུགས་བསྣན་ཏེ། བློ་འདྲི་མ་ལག་འཐུས་ཚང་དུ་གཏོང་དགོས། འགོག་ཁབ་རྒྱག་པའི་རྩ་འཛུགས་ཀྱི་ཤུགས་ཚད་ཆེ་རུ་བཏང་ནས། རྒྱུན་རྣམ་ཅན་གྱི་འགོག་བཅོས་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་དང་། གཅིག་འདུས་རང་བཞིན་གྱི་རིམས་ནད་དང་། ནད་དཔེ་བརྒྱུད་སྒྲོག་ལ་འགོག་སྲུང་ནན་མོ་བྱས་ནས། ཏང་བཙུགས་ནས་ལོ་འཁོར100ལོན་པར་བསུ་མ་བྱེད་པར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།