ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས13ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2021ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་མཐར་ཕྱིན་སློབ་མ་ཁྲི909ཡོད་པ་དང་། དུས་མཉམ་ལས་མི་ཁྲི35འཕར་སྣོན་བྱས། ན་ནིང་གི་སྟོན་དུས་ཀྱི་སློབ་མགོ་ཚུགས་པ་ནས་བཟུང་། སློབ་གསོ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དུས་ཐོག་ཏུ་སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱས་ཏེ། 2021ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་སྐུལ་འདེད་བྱ་འགུལ་ལག་བསྟར་བྱེད་མགོ་བརྩམས་པ་ཡིན། མིག་སྔའི་བར་དུ2021ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་འཕེལ་རིམ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
2021ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་མཐར་ཕྱིན་སློབ་མ་ཁྲི909ཡོད།