ཀྲུང་གོ་བོད་ཀྱི་དྲ་བ།

ཟླ1པོ་ནས་ཟླ4བའི་བར་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་བཀོལ་སྤྱོད་བྱེད་ཚད་དུས་མཉམ་ལས38.6%འཕར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས13ཉིན་ཚོང་དོན་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ4བའི་བར་རྒྱལ་ཡོངས་ཀྱིས་ཕྱི་རྒྱལ་གྱི་ཚོང་བའི་དངུལ་གཏོང་ཁེ་ལས14533གསར་དུ་བཙུགས་ཏེ། དུས་མཉམ་ལས50.2%འཕར་བ་དང་། དེ2019ལོའི་དུས་མཉམ་དང་བསྡུར་ན11.5%འཕར་ཡོད། དོན་དངོས་སུ་ཕྱི་རྒྱལ་གྱི་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར3970.7བཀོལ་སྤྱོད་བྱས་ཏེ་དུས་མཉམ་ལས38.6%འཕར་བ་དང་། དེ2019ལོའི་དུས་མཉམ་ལས30.1%འཕར།

ལས་རིགས་ཕྱོགས་ནས་བལྟས་ན། ཞབས་ཞུ་ལས་རིགས་ཀྱིས་དོན་དངོས་སུ་ཕྱི་རྒྱལ་གྱི་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར3129.4བཀོལ་སྤྱོད་བྱས་པ་དང་། དུས་མཉམ་ལས46.8%འཕར། ལག་རྩལ་མཐོ་བའི་ཐོན་ལས29.1%འཕར། དེའི་ཁྲོད་ལག་རྩལ་མཐོ་བའི་ཞབས་ཞུ་ལས་རིགས34%འཕར། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས15.4%འཕར། ཡོངས་ཁུངས་ཕྱོགས་ནས་བལྟས་ན། རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ། ཡོ་རོབ་མནའ་འབྲེལ་བཅས་ཀྱི་དངུལ་གཏོང་དངོས་དུས་མཉམ་ལས་སོ་སོར62.8%དང65.2% 9.2%འཕར་ཡོད། ཁྱབ་ཁོངས་ཕྱོགས་ནས་བལྟས་ན། རང་རྒྱལ་གྱི་ཤར་ཕྱོགས་དང་དབུས་ཕྱོགས། ནུབ་ཕྱོགས་ས་ཁུལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་བཀོལ་སྤྱོད་བྱེད་ཚད་སོ་སོར39.1%དང37.5%། 30.3%བཅས་འཕར་ཡོད།

རྗེས་མར་ཚོང་དོན་པུའུ་ཡིས་འབྲེལ་ཡོད་ལས་ཁུངས་དང་ས་ཁུལ་དང་མཉམ་དུ་ཕྱི་དངུལ་ཁེ་ལས་དང་ཕྱི་རྒྱལ་གྱི་ཚོང་ཚོགས་བར་མཐུན་སྦྱོར་དང་བརྗེ་རེས་བྱས་པ་བརྒྱུད། ཕྱི་དངུལ་ཁེ་ལས་ལ་སྔར་ལས་ལེགས་པའི་ཞབས་ཞུ་འགན་སྲུང་འདོན་སྤྲོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།