ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཁུར་བོ་ཇེ་ཡང་དུ་གཏོང་བ་དང་ལས་གནས་བརྟན་འཇགས། ལས་ཞུགས་རྒྱ་བསྐྱེད་པའི་སྲིད་ཇུས་ཁ་ཤས་ཀྱི་དུས་ཚད་དེ་ད་ལོའི་ལོ་མཇུག་བར་དུ་ཇེ་རིང་ལ་གཏོང་རྒྱུ་ཐག་བཅད་པ་དང་སྟབས་བསྟུན་སྣ་མང་གི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱས་ཤིང་། རིམས་ནད་བྱུང་བ་དེས་ལས་རིགས་དང་ཁེ་ལས་ལ་རྒྱུན་མཐུད་སྒོས་ཤུགས་རྐྱེན་ཐེབས་པར་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་བཀོད་སྒྲིག་བྱས་པ་དང་། ས་ཡོམ་གནོད་སེལ་བཟོ་སྐྲུན་འཛུགས་སྐྲུན་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། ན་ནིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཁུར་བོ་ཇེ་ཡང་དུ་གཏོང་བ་དང་ལས་གནས་བརྟན་འཇགས། ལས་ཞུགས་རྒྱ་བསྐྱེད་པའི་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་བྱས་ནས་གྲུབ་འབྲས་མངོན་གསལ་བླངས། ད་ལོར་མུ་མཐུད་དུ་ལས་ཞུགས་ཐོག་མར་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སྲུང་འཛིན་བྱེད་དགོས་ཟེར།

སྟབས་བསྟུན་སྣ་མང་གི་ལས་ཞུགས་ནི་མང་ཚོགས་ཀྱི་ལས་ཞུགས་ཡོང་སྒོ་འཕར་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཚོགས་ཐོག་ནས་གཅིག སྟབས་བསྟུན་སྣ་མང་གི་ལས་ཞུགས་མི་སྣ་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་ཚབ་ཁྲོད་ཞུགས་པའི་མས་སྐྱོར་བྱེད་ཐབས་གཏན་འཁེལ་བྱས་ནས། ལས་ཞུགས་ས་ཁུལ་དུ་སྤྱི་ཚོགས་འགན་སྲུང་ཁྲོད་ཞུགས་པའི་ཁྱིམ་ཐོའི་ཚད་བཀག་ཇེ་ལྷོད་དུ་གཏོང་རྒྱུ། གཉིས། སྟབས་བསྟུན་སྣ་མང་གི་ལས་ཞུགས་མི་སྣའི་ལས་རིགས་གནོད་འཚེ་འགན་སྲུང་བྱེད་པའི་ཚོད་ལྟ་ས་ཁུལ་གཏན་འཁེལ་བྱེད་རྒྱུ། གསུམ། ལུགས་མཐུན་མིན་པའི་གྲོན་དངུལ་བསྡུ་བ་དང་ཆད་པ་གཅོད་པའི་གཏན་འཁེལ་མེད་པར་བཏང་ནས། སྟབས་བསྟུན་སྣ་མང་གི་ལས་ཞུགས་ཐད་ལ་ཁོར་ཡུག་བཟང་བོ་བསྐྲུན་རྒྱུ་བཅས་གཏན་འཁེལ་བྱས།

ཚོགས་ཐོག་ནས་ས་ཡོམ་གནོད་སེལ་གྱི་བཟོ་སྐྲུན་འཛུགས་སྐྲུན་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ། ས་ཡོམ་གནོད་སེལ་གྱི་བཟོ་སྐྲུན་འཛུགས་སྐྲུན་དམིགས་ཚད་རེ་བ་གཏན་འཁེལ་གསལ་བོ་བྱས་པ་དང་། ས་ཡོམ་གནོད་སེལ་བཟོ་སྐྲུན་འཛུགས་སྐྲུན་བྱས་པར་དཔྱད་ཞིབ་གཏན་འཁེལ་དང་མཁྲེགས་པོར་གཏོང་བ་། སྲུང་སྐྱོབ་བྱེད་རྒྱུ་ཚད་ལྡན་དུ་བཏང་ནས། ཞིང་སྡེ་རུ་ས་ཡོམ་གནོད་སེལ་བཟོ་སྐྲུན་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།