ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་ད་ལོའི་ཟླ་དྲུག་པར་འཚོགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཚོང་དོན་པུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་དངོས་མང་འགྲེམ་སྟོན་ཚོགས་འདུ་དང་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་ད་ལོའི་ཟླ་6པའི་ཚེས8ནས་ཚེས11ཉིན་བར་ཉིན་པའོ་ནས་བསྡུ་རྒྱུ་ཡིན་པ་མཚམས་སྦྱོར་བྱས།

སྐབས་འདིའི་འགྲེམ་སྟོན་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་གོ་སྐབས་གསར་བ་ལོངས་སུ་སྤྱོད་པ་ཞེས་པ་ཡིན་ལ། ཡོ་རོབ་གླིང་དབུས་ཤར་འགྲེམ་སྟོན་དང་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་འགྲེམ་སྟོན། ནང་འདྲེན་ཚོང་རྫས་ལོ་རྒྱུས་ཀྱི་འགྲེམ་སྟོན་བཅས་འགྲེམ་ཁུལ་ཆེན་པོ་གསུམ་འཛུགས་རྒྱུ་དང་འགྲེམ་སྟོན་གྱི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་འབུམ་གཉིས་ཡོད། དེ་དང་མཉམ་དུ་ད་དུང་དར་ལམ་གློག་ཚོང་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་སོགས་བྱ་འགུལ་སྣ་མང་སྤེལ་ཏེ། ཚན་རྩལ་དང་བདེ་ཐང་སོགས་ཁྱབ་ཁོངས་མང་པོ་ནས་ཡོ་རོབ་གླིང་དབུས་ཤར་དང་འབྲེལ་མཐུད་བྱེད་རྒྱུ་རེད། ད་ལོའི་དུས་ཚིགས་དང་པོར་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་གྱི་རྒྱལ་ཁབ་བཅུ་བདུན་གྱིས་ཉོ་ཚོང་འཕར་ཚད་བརྒྱ་ཆའི་ལྔ་བཅུ་ལས་བརྒལ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།