ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གཉིས་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་དགུ་འཕར་སྣོན་བྱུང་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ5བའི་ཚེས13ཉིན་ཁྱབ་བསྒྲགས་བྱས་དོན།   ཚེས12ཉིན་གྱི་དུས་ཚོད24རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ9ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།  ཚང་མ་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ། ཧྲང་ཧེ་རུ་ནད་པ་གཉིས་དང་ནང་སོག་ཏུ་ནད་པ་གཅིག  ཧྲན་ཏུང་དུ་ནད་པ་གཅིག   ཀོང་ཏུང་དུ་ནད་པ་གཉིས།      ཐེན་ཅིན་དུ་ནད་པ་གཅིག སི་ཁྲོན་དུ་ནད་པ་གཅིག ཧྲན་ཞི་རུ་ནད་པ་གཅིག་བཅས་བྱུང་།

ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་ཉི་ཤུ་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་ལྔ་བརྒྱ་དང་རེ་གསུམ་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་སྡུར་ན་ནད་པ་གཅིག་གི་ཇེ་མང་ལ་སོང་།

ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་རེ་དགུ་ཡོད་ལ།  བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་ལྔ་དང་བརྒྱད་བརྒྱ་བཅུ་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་ལྔ་དང་ལྔ་བརྒྱ་ཞེ་གཅིག་ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ཁྲི་གཅིག་དང་སྟོང་གསུམ་གོ་བཞི་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་བཅུ་བཞི་ཡོད་པ་དང་། ནད་པ་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱ་དང་ལྔ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་ཉིས་བརྒྱ་དང་བཅུ་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་དགུ་ཡོད་པ་དང་། ནད་པ་ཞེ་དགུ་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་སྟོང་གཅིག་དང་ཉིས་བརྒྱ་སོ་གཅིག་ ཡོད་པ་དང་ནད་པ་སྟོང་གཅིག་དང་གོ་བདུན་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བཅུ་གཉིས་རྐྱེན་ལམ་དུ་ཤོར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།