ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧོ་ནན་ནན་དབྱང་དུ་རྟོག་ཞིབ་ཞིབ་འཇུག་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧོ་ནན་ནན་དབྱང་དུ་རྟོག་དཔྱད་ཞིབ་འཇུག་མཛད། ཉིན་དེའི་ཕྱི་དྲོར། ཁོང་ཐོག་མར་ལྷ་རྗེའི་མཆོད་ཁང་དུ་ཕེབས་ནས་ལྷ་རྗེ་ཀྲང་ཀྲུང་ཅིང་གི་མི་ཚེ་གང་བོ་དང་ཁོས་ཀྲུང་ལུགས་སྨན་བཅོས་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་ལ་རྒྱུས་ལོན་བྱས། དེ་རྗེས། ཞི་ཅིན་ཕིང་ནན་དབྱང་རྒྱ་སེའི་མེ་ཏོག་འགྲེམས་སྟོན་ཁང་དང་ནན་དབྱང་ཡའོ་ཡུས་པའོ་སྤྲ་བའི་ཐོན་རྫས་ཚད་ཡོད་ཀུང་སིར་བསྐྱོད་དེ། ས་གནས་དེ་གའི་རྒྱ་སེའི་མེ་ཏོག་དང་སྤྲ་བ་སོགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་བཏང་བའི་གནས་ཚལ་ལ་རྟོག་དཔྱད་གནང་།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།