ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕེ་ལི་སི་ཐན་དང་དབྱི་སི་རལ་གཉིས་བར་གྱི་འགལ་བ་ཛ་དྲག་ཏུ་ཕྱིན་པར་དོ་སྣང་བླ་ལྷག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐུ་ལེ་སི་ཡིས་ཚེས11ཉིན་གསལ་བསྒྲགས་སྤེལ་ནས་ཕེ་ལི་སི་ཐན་དང་དབྱི་སི་རལ་གཉིས་བར་གྱི་འགལ་བ་ཛ་དྲག་ཏུ་སོབ་བར་དོ་སྣང་བླ་ལྷག་བྱས།

ཀུའུ་ཐུ་ལའེ་སི་ཡི་གཏམ་བཤད་པ་ཏི་ཡཱ་ལི་ཁུས་གསལ་བསྒྲགས་ཁྲོད་བཤད་དོན། ཀུའུ་ཐུ་ལེ་སི་ཡིས་ཕེ་ལི་སི་ཐན་དང་དབྱི་སི་རལ་གཉིས་བར་གྱི་འགལ་བ་ཛ་དྲག་ཏུ་སོང་པར་དོ་སྣང་བླ་ལྷག་བྱེད་ཀྱིན་ཡོད་པ་མ་ཟད། ཕྱོགས་གཉིས་ཀའི་མི་གང་མང་ལ་ཤི་རྨས་ཐེབས་པར་གདུང་སེམས་བསྐྱེད་པ་དང་རྐྱེན་ལམ་དུ་ཤོར་བའི་མིའི་ཁྱིམ་མི་ལ་མྱ་ངན་ཞུས།

སྨྱུང་གྲོལ་ཟླ་བའི་ཚུན་དུ། ཕེ་ལི་སི་ཐན་དང་དབྱི་སི་རལ་གཉིས་བར་བསྟུད་མར་འགལ་བ་བྱུང་བ་དང་། ལྷག་པར་དུ་གཟའ་འཁོར་སྔོན་མ་ནས་བཟུང་གནས་བབ་ཛ་དྲག་ཏུ་སོང་། ཟླ་ལྔ་བའི་ཚེས་བཅུ་ཉིན། ཡའེ་ལུའུ་སཱ་ལིན་གྱི་མུའུ་སི་ལིན་གྱི་གནས་འགངས་ཆེན་དུ་ཕེ་ལི་སི་ཐན་གྱི་མང་ཚོགས་དང་དབྱི་སི་རལ་གྱི་ཉེན་རྟོག་པའི་བར་འགལ་བ་ཛ་དྲག་བྱུང་བ་དང་མི་སུམ་བརྒྱ་ལྷག་ལ་རྨས་ཕོག

གསལ་བསྒྲགས་ལྟར་ན་ཟླ་ལྔ་བའི་ཚེས་བཅུའི་ཚུན་ལ། ཅ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཀྱིས་དབྱི་སི་རལ་ཕྱོགས་སུ་མེ་ཤུགས་འཕུར་འདེལ་བརྒྱ་ཕྲག་ལྷག་བཏང་བ་རེད། དབྱི་སི་རལ་མཁའ་དམག་གིས་ཅ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཀྱི་དམག་དོན་དམིགས་ཚད་བརྒྱ་དང་སུམ་ཅུ་ལ་འཇབ་རྒོལ་བྱས་ནས་རྒོལ་ལན་སྤྲད། ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་པུའུ་ཡི་དཔོན་རིགས་ཀྱིས་བཤད་ན། དབྱི་སི་རལ་དམག་ཕྱོགས་ཀྱིས་བཟོས་པའི་འགལ་གཏོར་གྱིས་མི་སུམ་ཅུ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ལྷག་ལ་རྨས་ཕོག་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།