ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུའུ་སོགས་སྡེ་ཁག4ཡིས་ས་ཁང་བདག་དབང་དཔྱ་ཁྲལ་བཅོས་བསྒྱུརཚོད་ལྟའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཚེས11ཉིན། ནོར་སྲིད་པུའུ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་རྩིས་ལས་དོན་ཨུ་ལྷན་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་པེ་ཅིང་དུ་ས་ཁང་བདག་དབང་གི་དཔྱ་ཁྲལ་བཅོས་བསྒྱུར་ཚོད་ལྟའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་དང་ཆེད་མཁས་མཁས་དབང་སྐོར་ཞིག་གིས་ས་ཁང་བདག་ཁོངས་དཔྱ་ཁྲལ་བཅོས་་བསྒྱུར་ཚོད་ལྟའི་ལས་དོན་ཐད་བཏོན་པའི་བསམ་འཆར་གསན་པ་རེད། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”ཡི་འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་རྩ་གནད་ནང་ས་ཁང་བདག་དབང་གི་དཔྱ་ཁྲལ་སྐོར་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། ཉིན་འགའི་སྔོན། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལིའུ་ཁུན་གྱིས་ས་ཁང་བདག་དབང་གི་དཔྱ་ཁྲལ་ཁྲིམས་འཛུགས་དང་བཅོས་བསྒྱུར་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་རྒྱུ་དགོས་ཞེས་བསྟན།   །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།