ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཐུར་ཁུ་མེན་སི་ཐན་གྱི་ཙུང་ལི་གཞོན་པ་ཤེ·པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་དང་བརྙན་ལམ་ནས་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་ཐུར་མཉམ་ལས་ཨུ་ལྷན་གྱི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཧན་ཀྲིན་གྱིས་པེ་ཅིང་དུ་བརྙན་ལམ་ནས། ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་ཐུར་ཁུ་མེན་སི་ཐན་གྱི་ཙུང་ལི་གཞོན་པའམ་ཀྲུང་ཐུར་མཉམ་ལས་ཨུ་ལྷན་གྱི་ཐུར་ཁུ་མེན་སི་ཐན་ཕྱོགས་ཀྱི་ཀྲུའུ་ཞི་ཤེ·པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་དང་། ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་མེ་ལེ་ཏུའོ་ཧྥུའུ་གཉིས་དང་མཇལ་འཕྲད་གནང་། 

ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་ཐུར་མཉམ་ལས་ཨུ་ལྷན་གྱི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཧན་ཀྲིན་གྱིས་པེ་ཅིང་དུ་བརྙན་ལམ་ནས། ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་ཐུར་ཁུ་མེན་སི་ཐན་གྱི་ཙུང་ལི་གཞོན་པའམ་ཀྲུང་ཐུར་མཉམ་ལས་ཨུ་ལྷན་གྱི་ཐུར་ཁུ་མེན་སི་ཐན་ཕྱོགས་ཀྱི་ཀྲུའུ་ཞི་ཤེ·པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་དང་། ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་མེ་ལེ་ཏུའོ་ཧྥུའུ་གཉིས་དང་མཇལ་འཕྲད་གནང་། 

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་ཐུར་ནི་ལྷག་བསམ་རྣམ་དག་གིས་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་སྤུན་ཟླ་བཟང་པོ་དང་གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་ཡིན། ཉིན་འགའི་སྔོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་དང་ཁ་པར་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དང་ཀྲུང་ཐུར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འབྲེལ་འདྲིས་གཏིང་ཟབ་བྱས་ཏེ། ཀྲུང་ཐུར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་ཞིང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ30ཙམ་སོང་རིང་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡང་ཀྲུང་ཐུར་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད། 

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁུ་མེན་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་འཛིན་བར་དུ་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་། ནུས་རྒྱུ་དང་ཞིང་ལས། འགྲིམ་འགྲུལ། གྲངས་གཞི། མཁའ་འགྲུལ་མཁའ་སྐྱོད། སྤྱི་ཚོགས་རིག་གནས། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། ཕྱོགས་གཉིས་པོས་འབྱུང་འགྱུར་གྱི་ལོ5ཡི་མཉམ་ལས་འཆར་གཞི་ཞིག་ཐུན་མོང་ཐོག་བཟོས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ལམ་ཐིག་བྲིས་ཏེ་ཐབས་ལམ་གསར་པ་གཏོད་ཆོག 

ཤེ·པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་དང་མེ་ལེ་ཏུའོ་ཧྥུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས་ན་བསྟན་དོན། ཐུར་ཁུ་མེན་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་ཆེན་པོ་བྱེད་ཀྱིན་ཡོད། འདྲ་མཉམ་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག་གི་རྩ་དོན་ལ་གཞིགས་ཏེ། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་མཉམ་ལས་ཀྱི་ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པ་རྒྱུན་ཆད་མེད་པར་གསར་འབྱེད་བྱས་ནས། ཐུར་ཀྲུང་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། རེས་སྐོར་གསར་པའི་ཐུར་ཀྲུང་མཉམ་ལས་ཨུ་ལྷན་གྱི་ཚོགས་འདུ་གང་མགྱོགས་འཚོགས་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྔར་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། 

ཀྲུང་ཐུར་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། འཕྲིན་གཏོང་། འགྲིམ་འགྲུལ། ནུས་ཁུངས་སོགས་འབྲེལ་ཡོད་སྒྲིག་གཞིའི་འགན་འཁུར་བས་གཏམ་བཤད་གནང་ནས་ཁྱབ་ཁོངས་དེ་དག་གི་མཉམ་ལས་གནས་ཚུལ་ངོ་སྤྲོད་བྱས་པ་དང་། དུས་མཚམས་རྗེས་མའི་མཉམ་ལས་གྲོས་འགོ་བཏོན་པ་རེད།   །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།