ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་འགྲིམ་འགྲུལ་ཅུའུ་ཡིས་དམངས་ཕན་བྱེད་ཐབས12བཏོན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་བདེ་འགྲིམ་འགྲུལ་ཅུའུ་ཡིས་དམངས་ཕན་བྱེད་ཐབས12བཏོན་ཡོད། 

ཚེས10ཉིན། སྤྱི་བདེ་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས“ཁ་ལོ་བའི་ལག་ཁྱེར་གློག་རྡུལ་ཅན་དུ་བསྒྱུར་བ་ཚོད་ལྟ་བྱེད་པ་དང་། རང་འགུལ་གདང་རིམ་རླངས་འཁོར་གྱི་ཁ་ལོ་བའི་ཡིག་རྒྱུགས་གཉིས་པའི་རྣམ་གྲངས4རུ་གཏོང་བ”སོགས་ཀྱི་དམངས་ཕན་བྱེད་ཐབས12ཡོངས་བསྒྲགས་བྱས།     

འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་གློག་རྡུལ་ཅན་དུ་འགྱུར་བར་ཚོད་ལྟ་བྱ་རྒྱུ།  

ཟླ6པའི་ཚེས1ཉིན་ནས་བཟུང་ཐེན་ཅིན་དང་ཁྲེང་ཏུའུ། སུའུ་ཀྲོའུ་བཅས་སུ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་གློག་རྡུལ་ཅན་དུ་བསྒྱུར་བ་ཚོད་ལྟ་བྱ་རྒྱུ་རེད། གློག་རྡུལ་གྱི་ཁ་ལོ་བའི་ལག་ཁྱེར་དེ་རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་གློག་རྡུལ་ལག་ཁྱེར་མ་ལག་ནས་ཐོན་གྱིན་ཡོད་པ་དང་། ཁ་ལོ་བའི་ལག་ཁྱེར་གྱི་ཆ་འཕྲིན་དྲ་བ་ནས་ལྟ་ཐུབ་པས། ཞིབ་བཤེར་དང་གསལ་སྟོན། ཞིབ་དཔྱད་བཅས་ལ་སྟབས་བདེ་བསྐྲུན་ཡོད།

ད་ལོའི་ལོ་སྨད་དུ་ས་ཆ་ཁག་གཅིག་བདམས་ནས་ཚོད་ལྟའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་དང་། 2022ལོར་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་རེད།

ཁ་ལོ་བའི་ཡིག་རྒྱུགས་ལ་འགྱུར་ལྡོག་གསར་བ་བྱུང་།  

ཟླ6པའི་ཚེས1ཉིན་ནས་བཟུང་། རང་འགུལ་གདང་རིམ་འཇེམ་འཁོར་གི་ཁ་ལོ་བའི་ཡིག་རྒྱུགས་གཉིས་པའི་ནང་གི“གྱེན་ལམ་དུ་རླངས་འཁོར་འདུག་པ་དང་གཏོང་བའི”རྣམ་གྲངས་མེད་པར་བཟོས།     

ཁ་ལོ་བའི་ཡིག་རྒྱུགས་དང་པོ་ནས་གསུམ་པའི་བར་སྒུག་དུས་ཚོད་སྔར་གྱི་ཉིན30ནས་ཉིན20རུ་ཇེ་ཉུང་དུ་བཏང་ཡོད། 

འགྲུལ་སྐྱེལ་རླངས་འཁོར་དང་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གཏོང་ཆོག་པའི་ལག་ཁྱེར་དུ་རིམ་སྤོར་བྱེད་སྐབས། ཡིག་རྒྱུགས་དང་པོ་ནས་གསུམ་པའི་བར་སྒུག་དུས་ཚོད་སྔར་གྱི་ཉིན40ནས་ཉིན30རུ་ཇེ་ཉུང་དུ་བཏང་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།