ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་ཐེངས་བདུན་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1127431246_16206985373831n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དེ་རིང(ཚེས11ཉིན)གི་སྔ་དྲོའི་ཆུ་ཚོད10ཡི་སྟེང། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་ཐེངས་བདུན་པའི་མཇུག་འབྲས་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཉིང་ཅི་ཀྲེ་ཡིས་ཚོགས་ཐོག་ཏུ་རྒྱལ་ཡོངས་སུ་བསྡོམས་པས་མི་གྲངས་ཁྲི141178ཡོད་པ་དང་། དེ2010ལོའི་མི་གྲངས་ཁྲི133972ཡོད་པ་དང་བསྡུར་ན་མི་གྲངས་ཁྲི7206ཇེ་མང་དུ་སོང་བ་དང5.38%འཕར་ཡོད་དེ། ལོ་རེའི་འཕར་ཚད0.53%ལ་སླེབས་པ་དང་། 2000ལོ་ནས2010ལོ་དང་བསྡུར་ན་ལོ་རེའི་ཆ་སྙོམས་འཕར་ཚད0.57%ལས་བརྒྱ་ཆའི་ཚེག0.04མར་ཆག་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་མི་གྲངས་ལོ10ཡི་རིང་མུ་མཐུད་དུ་མྱུར་ཚད་ཞན་པའི་སྒོ་ནས་འཕར་སྣོན་བྱུང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་པར་བསྟན།  

རྒྱལ་ཡོངས་ཀྱི་མི་གྲངས་ཁྲོད་ཕོ་ཡི་མི་གྲངས723339956ཡོད་པ་དང51.24%ཟིན། མོ་ཡི་མི་གྲངས688438768ཡོད་པ་དང48.76%ཟིན། སྤྱིའི་མི་གྲངས་ཀྱི་ཕོ་མོའི་བསྡུར་གྲངས་ནི105.07ཡིན། 

ལོ14མན་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི17.95%ཟིན་པ་དང་། ལོ15ནས59བར་གྱི་མི་གྲངས་ཀྱིས63.35%ཟིན། ལོ60ཡན་གྱི་མི་གྲངས་ཀྱིས18.7%ཟིན་ལ། ལོ65ཡན་གྱི་མི་གྲངས་ཀྱིས13.5%བཅས་ཟིན་ཡོད། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།