ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སྟེ་ཀྲུང་གོའི་གྲོས་འགོའི་འོག ཚེས7ཉིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བརྙན་ལམ་ནས“རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱ། ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱེད”ཅེས་པའི་མཐོ་རིམ་གྲོས་ཚོགས་འཚོགས། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་སུ་ཁུར་བའི་ཝང་དབྱི་ཡིས་ཚོགས་འདུར་མགོ་འཛིན་མཛད། 

ཝང་དབྱི་ཡིས་བསྟན་དོན། ན་ནིང་ཟླ9པར། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར75ལོན་པའི་རིམ་མཐོའི་ཚོགས་འདུ་རབ་དང་རིམ་པར་ཞུགས་ནས། ཕྱོགས་མང་རིང་ལུགས་ཀྱི་ནང་དོན་རྒྱས་བཤད་གཏིང་ཟབ་གནང་ཞིང་། ཕྱོགས་མང་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པར་གསར་བོར་བསྟན།

ཝང་དབྱི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ནི་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་ཡིན། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་འཛིན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་ལ་སྲུང་སྐྱོང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་ནུས་པར་སྲུང་སྐྱོང་བྱེད་དགོས། 

ཝང་དབྱི་ཡིས་བསྟན་དོན། དུས་རབས་རང་བཞིན་གྱི་རིམས་ནད་དང་ལོ་བརྒྱའི་འགྱུར་ལྡོག་གི་མདུན་དུ། ཕྱོགས་སོ་སོས་ལག་གདང་སྦྲེལ་ནས་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་ཕྱོགས་མང་རིང་ལུགས་དངོས་ལག་ལེན་བསྟར་བྱེད་དགོས། ཀྲུང་གོས་མཉམ་ལས་གཉིས་ཁེ་བྱེད་པ་ལས་རྒྱལ་ཕམ་འགྲན་རྩོད་མི་བྱེད། དྲང་གཞག་དྲང་བདེན་བྱེད་པ་ལས་བཙན་དབང་བཙན་རྒོལ་མི་བྱེད། བྱ་སྤྱོད་དངོས་བསྟར་བ་ལས་ཁ་མང་ལས་སྟོངས་མི་བྱེད། སྣ་མང་ལ་བརྩི་འཇོག་བྱེད་པ་ལས་ང་ཆེ་ང་བཙན་མི་བྱེད།  

ཝང་དབྱི་ཡིས་བསྟན་དོན། ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ཀྱི་གྲུ་གཡོར་འཕྱར་ནས་སླར་ཡང་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྐྱར་སྒྲིག་བྱས་ནས་སླར་ཡང་རྡོག་ཐོན་པར་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།