ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ལྔ་ཇེ་མང་དུ་སོང་བ་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཟླ5བའི་ཚེས6ཉིན་བསྒྲགས་པ་ལྟར་ན། ཟླ5བའི་ཚེས5ཉིན་གྱི་དུས་ཚོད24རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ལྔ་ཡོད་པ་ཡར་ཞུ་བྱས་པ་དང་། ཚང་མ་ཕྱི་ནས་མཆེད་པའི་ནད་པ་རེད། སྨན་བཅོས་ལྟ་ཞིབ་དང་ལེན་བྱེད་དགོས་པའི་ནད་རྟགས་མི་མངོན་པའི་ནད་པ་བདུན་ཡོད། ཟླ་ལྔ་པའི་ཚེས་ལྔ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། པྲོག་གསར་གློ་ཚད་ཕོག་པར་ངོས་བཟུང་བའི་ནད་པ་སུམ་བརྒྱ་བཅུ་དགུ་ཡོད། ཟླ་ལྔ་པའི་ཚེས་ལྔ་ཉིན་བར་དུ། ས་གནས་སོ་སོ་ནས་འགོག་སྨན་ཐེངས་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་དགུ་འབུམ་དྲུག་ཁྲི་གཉིས་སྟོང་བདུན་བརྒྱབ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།