ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཟླ་ལྔ་པའི་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཟླ་ལྔ་པའི་ཚེས་བཞི་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བདུན་ཡོད་པ་ཡར་ཞུ་བྱས་པ་དང་། ཚང་མ་ཕྱི་ནས་མཆེད་པའི་ནད་པ་རེད། སྨན་བཅོས་ལྟ་ཞིབ་དང་ལེན་བྱེད་དགོས་པའི་ནད་རྟགས་མི་མངོན་པའི་ནད་པ་བཅུ་ཡོད། ཟླ་ལྔ་པའི་ཚེས་བཞི་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། པྲོག་གསར་གློ་ཚད་ཕོག་པར་ངོས་བཟུང་བའི་ནད་པ་སུམ་བརྒྱ་བཅུ་དགུ་ཡོད། ཟླ་ལྔ་པའི་ཚེས་བཞི་ཉིན་བར་དུ། ས་གནས་སོ་སོ་ནས་འགོག་སྨན་ཐེངས་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་བཞི་འབུམ་ལྔ་ཁྲི་དགུ་སྟོང་ལྔ་བརྒྱབ།