ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་གཅིག་ངལ་གསོའི་དུས་སྐབས་སུ་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་རྣམ་པ་མངོན་གསལ་ཇེ་བཟང་དུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་ཟླ་ལྔ་པའི་ཚེས་ལྔ་ཉིན་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལྔ་གཅིག་ངལ་གསོའི་དུས་སྐབས་སུ། རྒྱལ་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཤུགས་ཆེན་པོས་ལྔ་གཅིག་ངལ་གསོའི་དུས་ཀྱི་འགྲིམ་འགྲུལ་བདེ་སྲུང་བྱ་བར་བཟང་བོར་བསྒྲུབས་པར་མ་ཟད། ངལ་གསོའི་དུས་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་གེགས་མེད་ཤར་གཏོང་ཐུབ་པར་འགན་སྲུང་ནུས་ལྡན་བྱས། ཟླ་ལྔ་པའི་ཚེས་ལྔ་ཉིན་གྱི་དུས་ཚོད་བཅུ་བདུན་བར་དུ། རྒྱལ་ཡོངས་ནས་འགྲིམ་འགྲུལ་ལ་རྐྱེན་བྱས་ཏེ་མི་སྣ་ཤི་རྨས་བྱུང་བའི་ཁ་གྲངས་དང་ཚེ་ལས་འདས་པའི་ཁ་གྲངས་ལོ་སྔོན་མ་ལས་སོ་སོར་བརྒྱ་ཆའི་རེ་ལྔ་དང་གྲངས་ཆུང་གསུམ་དང་བརྒྱ་ཆའི་ཞེ་དགུ་དང་གྲངས་ཆུང་ལྔ་ཡིས་ཇེ་ཉུང་དུ་སོང་ཡོད་ཅིང་། མི་ལྔའི་ཡན་ཤི་བའི་འགྲིམ་འགྲུལ་དོན་རྐྱེན་ཐེངས་གཅིག་ལ་བྱུང་བ་དང་དེ་ནི་དུས་སྐབས་སྔོན་མ་ལས་དོན་རྐྱེན་གཅིག་གིས་ཇེ་ཉུང་དུ་སོང་ཡོད། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ཆེ་གྲས་གཅིག་ཀྱང་བྱུང་མེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།