ད་ལོར་རྒྱལ་ཡོངས་སུ་ལས་རིགས་གསོ་སྦྱོང་བྱང་བུ་ཁྲི1000སྟེར་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་རང་རྒྱལ་གྱིས་ཤུགས་ཆེན་པོས་ལས་རིགས་གསོ་སྦྱོང་བྱང་བུ་སྟེར་བ་དང་བཀོལ་སྤྱོད་ཁྱབ་གདལ་དུ་གཏོང་རྒྱུ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་ལ་བརྟེན་ནས། ཆ་རྐྱེན་དང་འཚམ་པའི་ངལ་རྩོལ་པར་ངོས་ལེན་དང་སྡོམ་རྩིས་སོགས་ཀྱི་བྱེད་ནུས་ལྡན་པ་དང་། དུས་མཚུངས་སུ་གསོ་སྦྱོང་གི་ཐོན་ཁུངས་གནད་ཁེལ་མཐུན་སྦྱོར་ཡིན་པའི་གློག་རྡུལ་དཔང་ཡིག་སྟེར་རྒྱུ་རེད། འཆར་གཞི་ལྟར་ན་ལོ་ཧྲིལ་བོར་ལས་རིགས་གསོ་སྦྱོང་བྱང་བུ་ཁྲི1000སྟེར་རྒྱུ་ཡིན་པ་དང་བྱང་བུ་ཁྲི100ཡན་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་རེད།

མི་སྤྱི་པུའུ་ལས་རིགས་ནུས་པ་འཛུགས་སྐྲུན་སི་ཡི་སི་ཀྲང་ལིའུ་ཁང་གིས་བསྟན་དོན། ཟླ3པའི་ཟླ་མཇུག་བར་དུ། ལས་རིགས་གསོ་སྦྱོང་བྱང་བུའི་ཚོད་ལྟའི་བྱ་བ་དེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར155རུ་ཁྱབ་གདལ་བཏང་ཡོད། དེའི་ནང་ཞིང་ཆེན14ཡི་གྲོང་ཁྱེར60ཡི་ལས་རིགས་གསོ་སྦྱོང་བྱང་བུ་དེ་དྲ་ཐོག་དང་འབྲེལ་མཐུད་བྱེད་པ་ལེགས་འགྲུབ་བྱུང་ཡོད། ས་ཁུལ་སོ་སོས་བསྡོམས་པས་བྱང་བུ་ཁྲི175.5བྱིན་ཡོད་པ་དང་། དེའི་ནང་བྱང་བུ་ཁྲི8.4བཀོལ་སྤྱོད་བྱས་ཡོད་ལ་བཀོལ་སྤྱོད་བྱེད་ཚད4.8%ལ་སླེབས་ཡོད། དྲ་འཇུག་ཐབས་ལམ171དང་གསོ་སྦྱོང་ལས་ཁུངས1448བཙུགས་ཡོད། 

རྗེས་མར་ས་ཁུལ་སོ་སོའི་མི་སྤྱི་སྡེ་ཁག་གིས་རང་སའི་ལས་རིགས་ནུས་རྩལ་གསོ་སྦྱོང་བྱ་འགུལ་གྱི་ཆེད་ཐོའི་མ་དངུལ་སྙོམ་སྒྲིག་བེད་སྤྱོད་ལམ་ལུགས་བཙུགས་ནས། ལས་རིགས་གསོ་སྦྱོང་བྱང་བུའི་བཀོལ་སྤྱོད་ལས་ཁུངས་དང་ལས་གཞི། མི་ཚོགས། སྟེར་སྤྲོད་གཞི་ཁྱོན། ནུས་ཐོན་བཀོལ་སྤྱོད་སོགས་ཀྱི་གནད་འགག་རྒྱུ་རྐྱེན་ལ་ཞིབ་འཇུག་གཏན་འཁེལ་བྱས་ཏེ། དགོས་ངེས་ཀྱི་ཆ་འཕྲིན་ཅན་གྱི་མ་ལག་འཛུགས་སྐྲུན་དང་ལེགས་བཅོས་འབྲེལ་མཐུད་བྱ་བ་ལེགས་པོར་སྒྲུབ་པ་དང་ལས་རིགས་གསོ་སྦྱོང་གི་བྱང་བུ་གཞི་ཁྱོན་ཆེན་པོའི་སྟེར་བ་དང་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།