བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་དུས་རིམ་གསར་བ་དམ་འཛིན་དང་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ་འཕེལ་རྒྱས་སུ་གཏོང་སྟངས་གསར་བ་བསྐྲུན་དགོས་ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་གཅིག་ཉིན་གྱི་འདོན་ཐེངས་དགུ་བའི་བདེན་འཚོལ་དུས་དེབ་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕེལ་རྒྱས་དུས་རིམ་གསར་བ་དམ་འཛིན་དང་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ་འཕེལ་རྒྱས་སུ་གཏོང་སྟངས་གསར་བ་བསྐྲུན་་དགོས་ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། འཕེལ་རྒྱས་དུས་རིམ་གསར་བའི་ནང་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ་འཕེལ་རྒྱས་སུ་གཏོང་སྟངས་གསར་བ་བསྐྲུན་པ་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞུང་ལུགས་གཏན་ཚིགས་དང་ལོ་རྒྱུས་གཏན་ཚིགས། དངོས་ཡོད་གཏན་ཚིགས་བཅས་ཀྱིས་ཐག་གིས་བཅད་པ་ཡིན། འཕེལ་རྒྱས་དུས་རིམ་གསར་བ་དམ་འཛིན་དང་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ་འཕེལ་རྒྱས་སུ་གཏོང་སྟངས་གསར་བ་བསྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་སྐབས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མགོ་བཟང་བོར་རྩོམ་པར་འགན་སྲུང་བྱེད་དགོས། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ང་ཚོས་འཛུགས་སྐྲུན་བྱེད་པའི་དེང་རབས་ཅན་ལ་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་ཀྲུང་གོའི་དོན་དངོས་ལ་འཚམ་དགོས། རང་རྒྱལ་གྱི་དེང་རབས་ཅན་ནི་མི་གྲངས་གཞི་རྒྱ་ཆེ་བའི་དེང་རབས་ཅན་ཡིན་པ་དང་། མི་དམངས་ཡོངས་ཀྱི་ཐུན་མོང་འབྱོར་ཕྱུག་གི་དེང་རབས་ཅན་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཡིན་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་དང་། ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་སྙེག་པའི་དེང་རབས་ཅན་ཡིན་དགོས། དེ་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་ཁ་ཕྱོགས་ཡིན། 

རྩོམ་ཡིག་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གཞུང་ལུགས་དང་འདུ་ཤེས་གལ་ཆེན་མང་བོ་བཏོན་ཡོད་ཅིང་། དེའི་ནང་འཕེལ་རྒྱས་འདུ་ཤེས་གསར་བ་ནི་ལྷག་ཏུ་གལ་ཆེ་བར་མངོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ནི་མ་ལག་ལྡན་པའི་གཞུང་ལུགས་མ་ལག་ཅིག་ཡིན་པ་དང་། དེས་འཕེལ་རྒྱས་ཀྱི་དམིགས་འབེན་དང་སྒུལ་ཤུགས། བྱེད་ཐབས། ཐབས་ལམ་སོགས་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་བཏབ་ཡོད་ལ། ང་ཚོའི་ཏང་གི་འཕེལ་རྒྱས་ལ་འབྲེལ་བའི་ཆབ་སྲིད་ལངས་ཕྱོགས་དང་རིན་ཐང་ཕྱོགས་སྟོན། འཕེལ་རྒྱས་རྣམ་པ། འཕེལ་རྒྱས་བགྲོད་ལམ་སོགས་ཆབ་སྲིད་གནད་དོན་གལ་ཆེན་རྒྱས་འགྲེལ་བྱས་ཡོད་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་དང་ཡང་དག་སྒོས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། གཞི་རྩའི་དམིགས་ཡུལ་ལས་འཕེལ་རྒྱས་འདུ་ཤེས་གསར་བ་དམ་འཛིན་དང་གནད་དོན་གྱི་ཕྱོགས་སྟོན་ནས་འཕེལ་རྒྱས་འདུ་ཤེས་གསར་བ་དམ་འཛིན་བྱེད་དགོས་ལ། སེམས་ཁུར་འདུ་ཤེས་ཡོད་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དམ་འཛིན་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།