ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་འཇར་མན་གྱི་ཙུང་ལིས་མཉམ་དུ་སྐབས་བཅུ་པའི་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་ལ་ཞུགས་པའི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་བརྙན་རིས་ཀྱི་རྣམ་པས་སྐབས་བཅུ་པའི་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་ལ་ཞུགས་པའི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་དང་། ཁོ་ཚོ་དང་མཉམ་དུ་གླེང་མོལ་བརྗེ་རེས་མཛད། 

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ན་ནིང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཀྱང་། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཇེ་མཐོར་སོང་བ་དང་། ད་ལོའི་དུས་ཚིགས་དང་པོར་དུས་མཉམ་ལས་བརྒྱ་ཆའི་ཞེ་གཅིག་དང་གྲངས་ཆུང་ལྔ་འཕར་སྣོན་བྱུང་སྟེ། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ཀྱི་ཆུ་ཚད་མཐོན་པོ་དང་སྦས་ཤུགས་ཆེན་པོ་མངོན་པར་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དེ་ཕྱོགས་གཉིས་མཉམ་ལས་ཀྱི་གཙོ་ཤུགས་སུ་གྱུར་ཡོད་ཅེས་གསུངས། 

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་མུ་མཐུད་དུ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་བསྐྲུན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ལ་གཅིག་མཐུན་གྱི་ལྟ་སྟངས་འཛིན་དགོས། འཇར་མན་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་དག་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཅེས་གསུངས། 

མའོ་ཁི་ཨར་གྱིས་བསྟན་དོན། འཇར་མན་དང་ཀྲུང་གོའི་མཉམ་ལས་ཧ་ཅང་དམ་ཟབ་ཡིན་པ་དང་། རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ཐོབ་པར་རེ་བཞིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དག་འཇར་མན་དུ་ཡོང་ནས་དངུལ་གཏོང་བྱེད་པར་དགའ་བསུ་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལག་རྩལ་གྱི་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཝང་དབྱེ་དང་ཧི་ལི་ཧྥུན་གོང་གི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།