ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་དང་ཁ་པར་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་དང་ཁ་པར་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཚུན་ལ། ཀྲུང་གོ་དང་ཝུའུ་ཁི་ལན་གྱི་འབྲེལ་བས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉམས་སེལ་ཐེག་པ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱས་ཤིང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་རོགས་ལས་དམ་ཟབ་བྱས་ནས། ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཡོད། ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བའི་ལོ་ཡིན་པ་དང་། ཝུའུ་ཙི་པེ་ཁི་སི་ཐན་རང་བཙན་བྱས་ནས་ལོ་ངོ་སུམ་ཅུ་འགོར་བའི་ལོ་ཡང་རེད། ལོ་རྒྱུས་ཀྱི་དཀྱོགས་མཚམས་གསར་བའི་སྟེང་། ཀྲུང་གོའི་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་དང་མཉམ་དུ་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཉམ་དུ་འཕེལ་རྒྱས་དར་རྒྱས་བརྩོན་ལེན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མིད་མངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་དང་མཉམ་དུ་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཤིང་། ཕྱོགས་ཡོངས་ནས་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་མཉམ་ལས་གཞི་རྒྱ་དང་སྤུས་ཚད། ཆུ་ཚད་བཅས་མཐོར་འདེགས་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། སློབ་གསོ་དང་རིག་གནས། གནས་སྐོར། ས་གནས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ་མུ་མཐུད་དུ་འགོག་སྨན་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཝུའུ་ཁི་ལན་བར་དབུལ་སེལ་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་དབུལ་སེལ་མཉམ་ལས་རྐྱེན་སྲོལ་འཛུགས་པར་གྲོས་བསྡུར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཁྲིམས་འཛིན་དང་བདེ་འཇགས། འགོག་སྲུང་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་མཉམ་དུ་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས། 

མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་བསྟན་དོན། བདག་གིས་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་། ཝུའུ་ཙི་པེ་སི་ཁི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ས་ཁུལ་ལས་དོན་ཁྲོད་ཀྱི་རོགས་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།