ཀྲུང་གོ་བོད་ཀྱི་དྲ་བ།

དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་པེ་ཅིང་ནས་མཇུག་སྒྲིལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་ཚེས29ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་སྒྲིལ།  གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། གྲོང་གསེབ་དར་སྤེལ་སྐུལ་འདེད་བཅའ་ཁྲིམས་དང་ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། གསར་དུ་བཟོ་བཅོས་བརྒྱབ་པའི་མཚོ་ཐོག་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་བཅས་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱིས་སློབ་གསོ་བཅའ་ཁྲིམས་བཟོ་བཅོས་རྒྱག་པའི་སྐོར་གྱི་ཐག་གཅོད་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པ་སོགས་ཀྱི་བཅའ་ཁྲིམས་ཀྱི་ཐག་གཅོད8། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྫོང་རིམ་པ་ཡན་གྱི་རིམ་པ་སོ་སོའི་ས་གནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བདེམས་བསྐོ་བྱེད་པའི་སྐོར་གྱི་བྱེད་ཐབས་ལ་བཟོ་བཅོས་བྱེད་པའི་ཐག་གཅོད་བཅས་ལ་གྲོས་འཆམ་བྱུང་བ་དང་། ཧོང་མིང་འཕྲལ་བསྟུན་དོ་དམ་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱེད་རྒྱུ་ཐག་བཅད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང77པ་དང78། 79། 80། 81། 82། 83བཅས་ལ་མིང་རྟགས་བཀོད། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་མཛད།

རྒྱུན་ཨུ་ལྷན་ཚོགས་ཀྱི་ཁོངས་མི168གྲོས་ཚོགས་ལ་ཞུགས་པ་དང་། ཚོགས་ཞུགས་མི་གྲངས་ཁྲིམས་བཅད་མི་གྲངས་དང་མཐུན།

གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱིས་ཀྲུང་དབྱང་གི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་པའི་སྐོར་གྱི་ཐག་གཅོད་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་ལ་གནས་སྐབས་སུ་འབྲེལ་ཡོད་བཅའ་ཁྲིམས་གཏན་འཁེལ་ལེགས་སྒྲིག་བྱེད་པའི་སྐོར་གྱི་ཐག་གཅོད་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱིས《〈ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བའི་སྐོར་གྱི་གྲོས་མཐུན〉གྱི་ཁ་གསབ་གྲོས་མཐུན》ལ་ཆོག་མཆན་གནང་རྒྱུ་སྐོར་གྱི་ཐག་གཅོད་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་དབྱི་རག་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཉེས་དོན་ཁྲིམས་འཛིན་རོགས་འདེགས་བྱེད་པའི་སྐོར་གྱི་ཆིངས་ཡིག》ལ་ཆོག་མཆན་གནང་རྒྱུ་སྐོར་གྱི་ཐག་གཅོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་དབྱི་རག་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱིས་དམངས་དོན་དང་ཚོང་དོན་ཁྲིམས་འཛིན་ལ་རོགས་འདེགས་བྱེད་པའི་སྐོར་གྱི་ཆིངས་ཡིག》ལ་ཆོག་མཆན་གནང་རྒྱུ་སྐོར་གྱི་ཐག་གཅོད། 《སྤྱི་ལེ་གྲུ་བཞི་མའི་གནམ་དཔྱད་ལས་ཁུངས་འཛུགས་པའི་སྤྱི་ཆིངས》ལ་ཆོག་མཆན་གནང་རྒྱུ་སྐོར་གྱི་ཐག་གཅོད་བཅས་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱིས་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་།

   གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། ལིན་ཏའོ་རྒྱལ་ཡོངས་དམངས་ཆེན་ཕྱིར་སྡོད་ཀྲུང་གོ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པའི་ཨུ་ཡོན་ལ་བསྐོས་པ་དང་། ཅང་ཧུར་ཅུན་གྱི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་དོན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཁྲིན་ཏུང་ཧྥང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་དོན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལ་བསྐོས། 

གྲོས་ཚོགས་ད་རུང་བརྡས་ཐག་བཅད་པ་བརྒྱུད་གཞན་པའི་མི་དོན་བསྐོ་འཇོག་ལ་གྲོས་འཆམ་བྱུང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་དང་ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲིན་ཡུའེ་ཡུའེ། ཅི་པིན་ཞོན། ཨེ་ལི་ཀིན་དབྱི་མིང་པ་ཧའེ། ཝན་ཨོའུ་ཞང་། ཁྲིན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིན་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥིན། ཝུའུ་ཝེ་ཧྭ་བཅས་དང་། དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་བཅས་གྲོས་ཚོགས་ལ་ཞུགས། 

རྒྱལ་ཁབ་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཞའོ་ཏུའུ་དང་རྒྱལ་སྲིད་ཨུ་ཡོན་ཝང་དབྱི། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཅུན། རྒྱལ་ཡོངས་དམངས་ཆེན་གྱི་ཆེད་དམིགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁ་ཤས། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཟུར་ཞུགས་གནང་།

མཇུག་སྒྲིལ་ཚོགས་འདུའི་རྗེས་སུ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱིས་ཆེད་དོན་འཆད་ཁྲིད་ཐེངས་ཉེར་གསུམ་པ་སྤེལ་བ་དང་། ལི་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒེར་སྡོམ་ལ་རྒོལ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཆེད་མཁས་གྲོས་འདྲི་ཚན་ཆུང་གི་ཁོངས་མི་ཧོང་ཡུང་གིས་ཁ་བྱང་ལ《སྒེར་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་འགྲན་རྩོད་སྲིད་ཇུས་ཀྱི་རྨང་གཞི་གོ་གནས་ལ་ཤུགས་སྣོན་པ》ཞེས་པའི་འཆད་ཁྲིད་གནང་།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།