ཀྲུང་གོ་བོད་ཀྱི་དྲ་བ།

​ཞི་ཅིན་ཕིང་གིས་ཐེན་ཧི་ལྟེ་བའི་འཕུར་གྲུ་འཕེན་གཏོང་ལས་འགན་ལེགས་གྲུབ་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་བྱས་ཏེ་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ཐེན་ཧི་ལྟེ་བའི་འཕུར་གྲུ་འཕེན་གཏོང་ལས་འགན་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་བྱས་ཏེ་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ཐེན་ཧི་ལྟེ་བའི་འཕུར་གྲུ་འཕེན་གཏོང་ལས་འགན་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། རྟེན་འབྲེལ་ཞུ་བའི་གློག་འཕྲིན་གྱི་ནང་དོན་ཆ་ཚང་གཤམ་གསལ་ལྟར།

མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་བར་སྣང་ས་ཚིགས་དུས་མཚམས་ཀྱི་འཕུར་སྐྱོད་ལས་འགན་སྤྱི་ཁྱབ་བཀོད་འདོམས་པུའུ་དང་ཐེན་ཧི་ལྟེ་བའི་འཕུར་གྲུ་འཕེན་གཏོང་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་པའི་ལས་ཁུངས་དང་བློ་མཐུན་ཡོངས་ལ།

བར་སྣང་ས་ཚིགས་ཀྱི་ཐེན་ཧི་ལྟེ་བའི་འཕུར་གྲུ་འཕེན་གཏོང་ལས་འགན་ལེགས་གྲུབ་བྱུང་བའི་སྐབས་འདིར། ངས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། ཁྱོད་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་པ་ཡིན།

བར་སྣང་ས་ཚིགས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་བར་སྣང་ཚོད་ལྟ་ཁང་སྐྲུན་པ་དེ་ནི་རང་རྒྱལ་གྱི་མི་སྡོད་འཇིག་རྟེན་ལས་གྲྭའི“གོམ་སྟབས་གསུམ”གྱི་འཐབ་ཇུས་མངོན་འགྱུར་བྱེད་པའི་དམིགས་ཚད་གལ་ཆེན་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། འཇིག་རྟེན་འཕུར་སྐྱོད་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་ལས་གཞི་གལ་ཆེན་ཞིག་རེད། ཐེན་ཧི་ལྟེ་བའི་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་བ་དེ། རང་རྒྱལ་གྱི་བར་སྣང་ས་ཚིགས་འཛུགས་སྐྲུན་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པའི་མཚོན་རྟགས་ཡིན་པ་དང་། རྗེས་མཐུད་ལས་འགན་བསྒྲུབ་རྒྱུར་སྲ་ཞིང་བརྟན་བའི་རྨང་གཞི་བཞག་ཡོད།  ཁྱོད་ཚོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་སྡོད་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། རང་ཚིགས་རང་འབད་དང་གསར་གཏོད་ཚད་བརྒལ་གྱིས་བར་སྣང་ས་ཚིགས་འཛུགས་སྐྲུན་གྱི་ལས་འགན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་ཆེད་དེ་བས་ཆེ་བའི་བྱས་རྗེས་གསར་བ་འབུལ་རྒྱུའི་རེ་བ་ཡོད། །

ཞི་ཅིན་ཕིང་། 

2021ལོའི་ཟླ4བའི་ཚེས29ཉིན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།