ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་འགྲིམ་འགྲུལ་ཐད་ཀྱི་དངུལ་གཏོང་དུས་མཉམ་ལས52.8%འཕར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་པ་ལྟར་ན། དུས་ཚིགས་དང་པོར་འགྲིམ་འགྲུལ་དངུལ་གཏོང་དང་དངོས་ཟོག་སྐྱེན་འདྲེན་བྱེད་ཚད། གྲུ་ཁའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་སོགས་ཀྱི་དམིགས་ཚད་དེ2020ལོའི་དུས་མཉམ་དང2019ལོའི་དུས་མཉམ་དང་བསྡུར་ན་མགྱོགས་མྱུར་ངང་འཕར་སྣོན་བྱུང་བ་མངོན་འགྱུར་བྱས་ཡོད་དེ། འགྲིམ་འགྲུལ་སྐྱེལ་འདྲེན་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་བྱུང་སྟེ་འཁོར་སྐྱོད་སྔོན་རྩིས་དང་མཐུན་ཞིང་། སྤྱིའི་ཆ་ནས་མགོ་ཡག་པོ་ཞིག་བརྩམས་ཡོད།

འགྲིམ་འགྲུལ་ཐད་ཀྱི་དངུལ་གཏོང་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ། དུས་ཚིགས་དང་པོར། འགྲིམ་འགྲུལ་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར5792ལེགས་འགྲུབ་བྱས་ཏེ་དུས་མཉམ་ལས52.8%འཕར་ཡོད། དེ2019ལོའི་དུས་མཉམ་ལས18.5%འཕར་ཡོད། དེའི་ཁྲོད་གཞུང་ལམ་དང་ཆུ་ལམ་གྱི་དངུལ་གཏོང་སྒོར་དུང་ཕྱུར4597ལེགས་འགྲུབ་བྱས་ཏེ་དུས་མཉམ་ལས60.1%འཕར། དེ2019ལོའི་དུས་མཉམ་ལས23.5%འཕར་ཏེ། ད་ལོའི་ལོ་འཁོར་ཡོངས་ཀྱི་ལས་འགན་གྱི25.5%ལེགས་འགྲུབ་བྱས་ཤིང་། འཕར་ཚད་ཉེ་བའི་ལོ་ལྔའི་ཆེས་མཐོན་པོར་ཟིན་ཡོད།

དངོས་ཟོག་སྐྱེལ་འདྲེན་གྱི་འཕར་ཚད་ཕྱོགས་ནས། དུས་ཚིགས་དང་པོར་ལས་གཉེར་རང་བཞིན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར111ལེགས་འགྲུབ་བྱས་ཏེ་དུས་མཉམ་ལས42%འཕར། དེ2019ལོ་དང་བསྡུར་ན་དུས་མཉམ་ལས15.8%འཕར་ཡོད། མྱུར་སྐྱེལ་གྱི་ལས་སྒོ་མགྱོགས་མྱུར་ངང་འཕར་སྣོན་བྱུང་སྟེ་དུང་ཕྱུར219ལེགས་འགྲུབ་བྱས་པ་དང་དུས་མཉམ་ལས75%འཕར་ཡོད། དེ2019ལོའི་དུས་མཉམ་ལས80.6%འཕར་ཡོད། དེ་མིན་གྲུ་ཁའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་མགྱོགས་མྱུར་ངང་འཕར་སྣོན་བྱུང་བ་རྒྱུན་འཁྱོངས་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།