སྐབས་སུམ་བཅུ་བའི་དཔེ་དེབ་དངོས་མང་བཤམས་སྟོན་ཚོགས་ཆེན་ཅི་ནན་དུ་སྤེལ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་སུམ་ཅུ་བའི་རྒྱལ་ཡོངས་དཔེ་དེབ་ཉོ་ཚོང་དངོས་མང་བཤམས་སྟོན་ཚོགས་འདུ་ཟླ7པའི་ཚེས15ཉིན་ནས་ཚེས19ཉིན་བར་ཧྲན་ཏུང་ཅི་ནན་དུ་སྤེལ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་པར་སྐྲུན་འགྲེམ་སྤེལ་ལས་ཁུངས1400ལྷག་འགྲེམ་སྟོན་དུ་ཞུགས་ནས། རིགས་སོ་སོའི་པར་སྐྲུན་དངོས་པོ་དང་རིག་གནས་གསར་གཏོད་ཐོན་རྫས་ཧ་ལམ་ཁྲི40བཀྲམ་རྒྱུ་རེད།

ཐེངས་འདིའི་དཔེ་དེབ་དངོས་མང་བཤམས་སྟོན་ཚོགས་འདུར་རྒྱལ་ཁབ་གསར་འགྱུར་པར་སྐྲུན་ཧྲུའུ་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་། ཅི་ནན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཚོགས་ར་གཙོ་བོ་ཅི་ནན་ཧྲན་ཏུང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བཀོད་སྒྲིག་བྱས་ཡོད་ལ། ཁྱོན་བསྡོམས་འགྲེམ་ཁང8ཡོད་པ་དང་འགྲེམ་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི10ཡོད་ཅིང་། ཡན་ཐེ་གྲོང་ཁྱེར་དང་ཐའེ་ཨན་གྲོང་ཁྱེར་གཉིས་སུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད། 

སྐབས་སུམ་ཅུ་བའི་དཔེ་དེབ་དངོས་མང་བཤམས་སྟོན་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“ཏང་གི་ལོ་བརྒྱར་གུས་འདུད་ཞུ་བ་དང་།དཔེ་དེབ་བསྐལ་བཟང་ལོངས་སུ་སྤྱོད་པ”ཞེས་པ་དེ་ཡིན། དེའི་སྐབས་སུ། དཔེ་དེབ་དངོས་མང་བཤམས་སྟོན་ཚོགས་འདུར་ད་དུང་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བརྗོད་དོན་པར་སྐྲུན་དངོས་པོ་ལེགས་ཤོས་འགྲེམ་སྟོན་བྱས་པ་དང་། “དཔེ་ཀློག་མི་སྣ་ཆེ་གྲས་བཅུའི”དཔྱད་འདེམས་དང་པར་སྐྲུན་མཉམ་འདྲེས་གསར་གཏོད་མཐོ་རིམ་གླེང་སྟེགས་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།