ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲ་ཏེ་དམག་དོན་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མུའུ་ཧན་མུའུ་ཏི་ལ་མྱ་ངན་གློག་འཕྲིན་བཏང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས28ཉིན། ཀྲ་ཏེ་ཙུང་ཐུང་ཏའེ་པུས་ཧྲི་སྐུ་གཤེགས་པར་ཀྲ་ཏེ་དམག་དོན་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མུའུ་ཧན་མུའུ་ཏི་ལ་མྱ་ངན་གློག་འཕྲིན་བཏང་ནས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས། མི་སྒེར་གྱི་ཚབ་བྱས་ཏེ་མྱ་ངན་ཞུས་པ་དང་། ཀྲ་ཏེ་སྲིད་གཞུང་དང་མི་དམངས་དེ་མིན་ཏེ་པུས་ཙུང་ཐུང་གི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཏེ་པུས་ཙུང་ཐུང་གིས་ཀྲ་ཏེ་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ས་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱས་ཤིང་། རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཧུར་ཐག་གིས་ས་གནས་ཞི་བདེ་དང་གཏན་འཇགས་ཡོང་བར་སྲུང་སྐྱོང་བྱས། ཁོས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་ལ་མཐོང་ཆེན་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཀྲ་ཏེ་རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེའི་མཉམ་ལས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་འཇོག་པར་སྐུལ་འདེད་བཏང་། ངས་ཀྲུང་གོ་དང་ཀྲ་ཏེ་མི་དམངས་ཀྱི་མཛའ་བརྩེ་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱིས་ཀྲ་ཏེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་མུ་མཐུད་དུ་མདུན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།