ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་བསུ་བ་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཟླ4པའི་ཚེས27ཉིན་ཚོགས་འདུར་ཞུགས་པའི་འཐུས་མི་རྣམས་ཀྱིས་རྒྱལ་གླུ་ལེན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས27ཉིན། 2021ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པར་བྱས་རྗེས་བཞག་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་པ”བརྗོད་དོན་གཙོ་བོ་ཡིན་པའི་ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་གྱི་སྐུལ་སློང་ཚོགས་ཆེན་པེ་ཅིང་དུ་འཚོགས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མིང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།

འདི་ནི་ཟླ4པའི་ཚེས27ཉིན་ཚོགས་འདུར་ཞུགས་པའི་འཐུས་མི་རྣམས་ཀྱིས་རྒྱལ་གླུ་ལེན་པའི་རྣམ་པ་རེད།

ཝང་ཏུང་མིང་གིས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱ་ཆེའི་ལས་བཟོ་བ་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱ་རྒྱུ་དང་། ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ་ནས་རྒྱ་ཆེའི་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་འཇོག་པ་དང་། ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་དོན་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབ་ནས་རྒྱ་ཆེའི་ལས་བཟོ་བའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་རྒྱུ། རྒྱུན་ཆད་མེད་པར་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་སྤེལ་ནས་བཟོ་ཚོགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་གོང་སྤེལ་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ།  ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྔར་ལས་ལྷག་པར་འགན་འཁྲི་འགན་ལེན་ནུས་ལྡན་ཡོང་བར་འགན་སྲུང་བཅས་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་དགོས་ཞེས་བླང་བྱ་བཏོན།

གཟེངས་བསྟོད་ཚོགས་འདུའི་སྟེང2021ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་ཀྱི་བཟོ་བའི་གདོང་ལེན་པའི་མཚན་སྙན་ཐོབ་མཁན་ལ་གཟེངས་བསྟོད་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།