ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཚོགས་པ་དང་མི་སྒེར2891ལ“ལྔ་གཅིག”ངལ་རྩོལ་གྱི་གཟེངས་བསྟོད་བྱ་དགའ་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “དུས་རབས་གསར་པ་ནི་འབད་འཐབ་མཁན་གྱི་དུས་རབས་ཡིན”། ཚེས27ཉིན་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཚོགས་ཆེན་འཚོགས་ནས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་མཉམ་དུ་ཚོགས་པ་དང་མི་སྒེར2891ལ་གཟེངས་བསྟོད་བྱས་པ་རེད། དེའི་ཁྲོད་ཚོགས་པ397ལ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གྱི་གཟེངས་བསྟོད་བྱ་དགའ་དང་ཚོགས་པ1297ལ་རྒྱལ་ཡོངས་བཟོ་པའི་གདོང་ལེན་པའི་མཚན་སྙན་གནང་ལ། མི1197ལ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས་མཚན་སྙན་བཅས་ཐོབ་པ་རེད། སྔོན་ཐོན་ཚོགས་པ་དང་མི་སྒེར་འདི་རྣམས་ཀྱིས་རིམས་ནད་འགོག་པའི་འཐབ་རྩོད་ནང་དཔའ་ངར་ཆེར་བསྐྱེད་ཀྱིས་ལས་ཐོན་སླར་གསོ་བྱེད་པའི་ཁྲོད་བློ་བརྟན་འགྱུར་མེད་ངང་མདུན་དུ་སྐྱོད་པ་དང་། ཚན་རྩལ་རང་ཚུགས་རང་འབད་བྱེད་རིང་རི་རྩེར་འཛེགས་ཕོད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཁྲོད་འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བརྒྱུད་རིམ་ནང་འགན་འཁུར་ནས་བྱས་རྗེས་བཞག་པ། བློ་གྲོས་དང་རྔུལ་ཆུས་སྤྱིར་བཏང་གི་ལས་གནས་ནས་སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་མི་དམན་པ་བླངས་པ་རེད། དེ་རིང་ང་ཚོས་འབད་འཐབ་མཁན་རྣམས་ལ་གུས་འདུད་ཞུ་རྒྱུ་ཡིན། །

1127381081_16194907118811n.jpeg

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།