ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ།   ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་དཔར་ནས་བཀྲམ།

བསམ་འཆར་ལས་བསྟན་དོན།   སྒྲིག་གཞིའི་ནང་རྐྱེན་བཅོས་སྒྱུར་གསར་སྐྲུན་བྱེད་རྒྱུ་གཙོར་འཛིན་པ་དང་།  སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་ལ་སྐུལ་འདེད་གཏོང་བ།   སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་།  ཁེ་ལས་དང་སྤྱི་ཚོགས་ལས་རིགས་སོ་སོ་ཟབ་ཞུགས་བྱེད་པ། ཁྲོམ་ར་ཅན་འཁོར་སྐྱོད།  རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱེད་པའི་བྱེད་ཐབས་མགྱོགས་མྱུར་གྱིས་འཐུས་ཚང་དུ་གཏོང་བ།    རི་ལྗང་ཆུ་དྭངས་གསེར་རི་དངུལ་རི་ལ་བསྒྱུར་བའི་སྲིད་ཇུས་ལམ་ལུགས་མ་ལག་ཤུགས་ཆེན་པོས་གསར་སྐྲུན་བྱེད་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གྲུབ་པར་སྐུལ་འདེད་གཏོང་དགོས།

དམིགས་འབེན་གཙོ་བོ་ནི་ཉིས་སྟོང་ཉེར་ལྔ་ལོའི་བར་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱེད་པའི་ལམ་ལུགས་སྒྲོམ་གཞི་ཐོག་མར་གྲུབ་པར་བྱེད་པ་དང་།   ཚན་རིག་གི་སྐྱེ་ཁམས་ཐོན་རྫས་རིན་ཐང་ཞིབ་རྩིས་མ་ལག་ཐོག་མར་འཛུགས་པ།     སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་དང་སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་ཁ་གསབ་སྲིད་ཇུས་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་གཏོང་བ།  སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱེད་པའི་སྲིད་གཞུང་གི་དཔྱད་ཞིབ་གདེང་འཇོག་ནང་རྐྱེན་ཐོག་མར་གྲུབ་པར་བྱེད་པ།  སྐྱེ་ཁམས་ཐོན་རྫས་ཚད་འཇལ་བྱེད་དཀའ་བ་དང་གཏའ་མར་འཇོག་དཀའ་བ།    བརྗེ་རེས་བྱེད་དཀའ་བ།  ལྟ་བ་སྒྱུར་དཀའ་བ་སོགས་ཀྱི་གནད་དོན་ནུས་ཡོད་སྒོས་ཐག་གཅོད་པ།    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁེ་ཕན་ཁྲིད་ཕྱོགས་ནང་རྐྱེན་གཞི་རྩའི་སྟེང་གྲུབ་པར་བྱེད་པ།   སྐྱེ་ཁམས་དགེ་མཚན་དེ་དཔལ་འབྱོར་དགེ་མཚན་དུ་བསྒྱུར་བའི་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་རྒྱུ་བཅས་ཡིན།  ཉིས་སྟོང་སོ་ལྔ་ལོའི་བར་དུ།   སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ནང་རྐྱེན་ཁྱོན་ཡོངས་ནས་འཛུགས་པ་དང་།  ཀྲུང་གོའི་ཁྱད་ཆོས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ཁྱོན་ཡོངས་ནས་གྲུབ་པར་བྱེད་པ།    ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་རྒྱ་ཆེར་གྲུབ་པར་བྱེད་པ་བཅས་བྱས་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཞི་རྩིའི་སྟེང་མངོན་འགྱུར་བྱེད་པའི་ཐད་ནུས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།