ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀོས་ལིན་གྱི་རི་ཆུ་ལ་བདག་སྐྱོང་བཟང་བོ་བྱེད་དགོས་ཞེས་གསུངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོས་ལིན་གྲོང་ཁྱེར་གྱི་ཞང་པིས་ཧྲན་སྤྱི་གླིང་དུ་ཕེབས་ནས་རྟོག་ཞིབ་གནང་བ་མ་ཟད་ཡུལ་སྐོར་བ་དང་མཉམ་དུ་བྱམས་བརྩེའི་ངང་གླེང་མོལ་བྱས། ཁོང་གིས་བསྟན་དོན། ཀོས་ལིན་གྱི་རི་ཆུ་ནི་གནམ་འོག་ན་འགྲན་ཟླ་བྲལ་ཞིང་། མཛེས་ལྗོངས་ལྟ་ན་སྡུག་ལ་རི་སྔོ་ཆུ་དྭངས་ཡིན་ཞིང་། རང་བྱུང་ཁམས་ཀྱིས་ཀྲུང་ཧྭ་མི་རིགས་ལ་གནང་བའི་ལྷའི་ཞིང་ཁམས་དང་འདྲ་བས། ང་ཚོས་ངེས་པར་སྲུང་སྐྱོང་ཡག་པོ་བྱེད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བ། མྱོང་རོལ་རྒྱུ་སྤུས་མཐོར་འདེགས་སུ་བཏང་ནས་འཛམ་གླིང་རིམ་པའི་ཡུལ་སྐོར་གྲོང་ཁྱེར་དང་སྡོད་མལ་ལ་འཚམ་པའི་གྲོང་ཁྱེར་རུ་གཏོང་རྒྱུར་ཧུར་བརྩོན་བྱ་དགོས།  །


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།