ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། མི་དམངས་དམག་དཔུང་དབུར་ཐར་འགག་སྒྲོལ་གྱི་ལག་ལེན་དངོས་ནང་ཞུགས་པ་མངོན་པར་མཚོན་ཆེད། ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་དང་མཉམ་དུ་ཆེད་དོན་བརྙན་ཐུང《བརྩེ་སེམས་དང་འགན་འཁྲིས་དབུལ་འཐར་འགག་སྒྲོལ་བྱེད་པར་དམངས་དམག་རྣམས་འགུལ་སྤྱོད་བྱེད་བཞིན་ཡོད》ཞེས་པ་ཕབ་སྐྲུན་བྱས་པ་དང་། བརྩམས་ཆོས་དེ་ཟླ4བའི་ཚེས26ཉིན་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་གྱི་ཕྱོགས་བསྡུས་འཕྲིན་ལམ་དུ་དགོང་མོའི་དུས་ཚོད8ཀྱི་སྟེང་ཉིན་རེར་ལེའུ1རེ་གཏོང་རྒྱུ་ཡིན་ཞིང་། ཀྲུང་དབྱང་གི་གསར་འགྱུར་དྲ་ཚུགས་གཙོ་བོ་དང་གཙོ་ཆེའི་དྲ་ཚུགས་སུ་མཉམ་དུ་ཐད་གཏོང་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
དམག་དཔུང་ཕབ་སྐྲུན་ནང་ཞུགས་པའི་དབུར་ཐར་འགག་སྒྲོལ་གྱི་ལས་དོན་ཆེད་དོན་བརྙན་ཐུང《བརྩེ་སེམས་དང་འགན་འཁྲིས་དབུལ་འཐར་འགག་སྒྲོལ་བྱེད་པར་དམངས་དམག་རྣམས་འགུལ་སྤྱོད་བྱེད་བཞིན་ཡོད》ཞེས་པ་མི་འགྱངས་པར་གཏོང་རྒྱུ་རེད།