ཝང་དབྱི་ཡིས་ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན། ཕ་ཁི་སི་ཐན། ནེ་པ་ལ། སི་རི་ལན་ཁ། བྷང་ག་ལ་བཅས་རྒྱལ་ཁབ་དྲུག་གི་ཕྱི་འབྲེལ་པུའུ་ཀྲང་གིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་བརྙན་ལམ་ཚོགས་འདུར་གཙོ་སྐྱོང་གནང་རྒྱུ་ཡིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན། ཕ་ཁི་སི་ཐན། ནེ་པ་ལ། སི་རི་ལན་ཁ། བྷང་ག་ལ་བཅས་རྒྱལ་ཁབ་དྲུག་གི་ཕྱི་འབྲེལ་པུའུ་ཀྲང་གིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་བརྙན་ལམ་ཚོགས་འདུ་ཟླ4པའི་ཚེས27ཉིན་འཚོག་རྒྱུ་ཡིན་པ་དང་། ཚོགས་འདུར་རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་གཙོ་སྐྱོང་གནང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། རྒྱལ་ཁབ་དྲུག་གི་ཕྱི་འབྲེལ་པུའུ་ཀྲང་གིས་ནད་ཡམས་འགོག་པར་ཐུན་མོང་གི་ངོས་འཛིན་ཇེ་བརྟན་དུ་གཏོང་བ་དང་། རིམས་ནད་འགོག་པར་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རིམས་ནད་བྱུང་རྗེས་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞི་ཐད་བསམ་བློ་བརྗེ་རེས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།