ཀྲུང་གོ་བོད་ཀྱི་དྲ་བ།

ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་བའི་དམིགས་ས་དེ་རྒྱལ་ཁབ96དང་ས་ཁུལ་གྱི་གྲུ་ཁ264ལ་རྒྱ་བསྐྱེད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་བའི་དངོས་ཟོག་འཁོར་རྒྱུག་དང་ཚོང་གཉེར་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི2021ལོའི་དུས་ཚིགས་དང་པོའི་ཚོང་གཉེར་གནས་ཚུལ་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོའི་ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་བའི་རིགས་གསུམ་གྱི་དངོས་ཟོག་འཁོར་རྒྱུག་རྩ་འཛུགས་ཚང་མ་ལྡབ་འགྱུར་གྱིས་ཡར་འཕར་བ་དང་། དམིགས་ས་དེ་རྒྱལ་ཁབ་དང་ས་ཁུལ96གི་གྲུ་ཁ264རུ་རྒྱ་བསྐྱེད་ཡོད།

ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་བ་ནི་ཀྲུང་གོའི་ནུབ་རྒྱུད་ཞིང་ཆེན་དང་སེང་ག་ཕོར་རྒྱལ་ཁབ་ཀྱི་མཉམ་ལས་གསར་སྐྲུན་བྱས་པའི་རྒྱལ་སྤྱིའི་སྐམ་ས་དང་རྒྱ་མཚོའི་ཉོ་ཚོང་གི་བགྲོད་ལམ་གསར་བ་ཞིག་ཡིན་ཞིང་། ཁྲུང་ཆིན་ཚོང་གཉེར་ལྟེ་གནས་སུ་བྱས་ཏེ་ཀོང་ཞི་དང་ཀོས་ཀྲིག ཀན་སུའུ། མཚོ་སྔོན། ཞིན་ཅང་སོགས་ནུབ་རྒྱུད་ཞིང་ཆེན་གཙོ་གནད་དུ་བཟུང་ཡོད་ལ། ལྕགས་ལམ་དང་མཚོ་འགྲུལ། གཞུང་ལམ་སོགས་སྐྱེལ་འདྲེན་གྱི་རྣམ་པ་སྤྱད་དེ། ལྷོ་རྒྱུད་ཀྱི་ཀོང་ཞིའི་བྱང་ཕྱོགས་མཚོ་འགག་ནས་འཛམ་གླིང་གི་ས་གནས་སོ་སོར་འགྲོ་ཐུབ།

བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར། ལྕགས་ལམ་མཚོ་འགྲུལ(ཁྲུང་ཆིན་ནས་མགོ་རྩོམ་པ)འཁོར་ཐེངས393ལ་སླེབས་པ་དང་། དུས་མཉམ་ལས133%འཕར་བ་དང་། ཟོག་སྒམ19588སྐྱེལ་འདྲེན་བྱས་ཤིང་དུས་མཉམ་ལས130%འཕར་ཡོད། སྐྱེལ་འདྲེན་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར24.3ཟིན་ལ། དུས་མཉམ་ལས117འཕར། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།