ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀོང་ཞི་ལ་རྟོག་ཞིབ་གནང་བར་ཕེབས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཞི་ཞིང་ཆེན་ཀུའེ་ལེན་ཆོན་ཀྲོའུ་རྫོང་ཚའེ་ཝན་གྲོང་རྡལ་གྱི་དམར་དམག་རྒྱང་སྐྱོད་ཀྱི་ཤང་ཅང་གཡུལ་འགྱེད་དྲན་གསོ་ཁང་དུ་ཕེབས་ནས། ཤང་ཅང་གཡུལ་འགྱེད་ཁྲོད་ཀྱི་དམར་དམག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་ཕུལ་བ་དང་། དམར་དམག་རྒྱང་སྐྱོད་ཀྱི་ཤང་ཅང་གཡུལ་འགྱེད་དྲན་གསོ་ཁང་ལ་གཟིགས་སྐོར་གནང་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཤིང་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུད་འཛིན་བྱས་པ་རེད། དེའི་རྗེས། ཞི་ཅིན་ཕིང་ཚའེ་ཝན་གྲོང་རྡལ་མའོ་ཀྲུའུ་ཧྲན་གྲོང་ཚོར་ཕེབས་ནས་གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་སོགས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ལ་རྟོག་ཞིབ་གནང་། ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལི་ཅང་གཙང་པོའི་དབྱང་སོའི་འབབ་མཚམས་སུ་ལི་ཅང་གཙང་པོའི་བཞུར་རྒྱུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་གནང་། །

1127375729_16193990886601n.jpg

1127375729_16193990938951n.jpg

1127375729_16193990994381n.jpg

1127375729_16193991059891n.jpg

1127375729_16193991158891n.jpg

1127375729_16193991106441n.jpg

1127374496_16193544783251n.jpg

1127374496_16193544875271n.jpg

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།