ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལས་བྱ་བཀོད་སྒྲིག་ཐད་བླང་བྱ་བཅུ་བཏོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་ཡིས་ཉེ་ལམ《འོས་འགན་སློབ་གསོའི་སློབ་གྲྭ་ཁག་གི་སློབ་མའི་ལས་བྱ་དོ་དམ་བྱེད་ཕྱོགས་ཐད་ལ་ཤུགས་སྣོན་དགོས་པའི་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་ཏེ“བླང་བྱ་བཅུ”བཏོན་པ་རེད། དེའི་ཁྲོད་སློབ་ཆུང་གི་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་ལ་ཁྱིམ་དུ་ཡིག་ཐོག་གི་ལས་བྱ་བཀོད་སྒྲིག་མི་བྱེད་པ་དང་། སློབ་ཆུང་གི་ལོ་རིམ་གཞན་དག་གི་སློབ་མར་ཉིན་རེར་ཡིག་ཐོག་གི་ལས་བྱ་ཆ་སྙོམས་བྱས་ན་དུས་ཚོད་སྐར་མ60ནང་ཡོངས་འགྲུབ་བྱ་ནུས་པ་དང་དམའ་འབྲིང་སློབ་མར་དུས་ཚོད་སྐར་མ90ནང་ཡོངས་འགྲུབ་བྱ་ནུས་དགོས། དེ་དང་དུས་མཉམ་དུ་ས་གནས་ཁག་གིས་བྱ་ལས་བཀོད་སྒྲིག་བྱེད་པ་དེ་སློབ་གྲྭ་ཕྱི་རོལ་གྱི་གསོ་སྐྱོང་སྡེ་ཁག་གི་ཉིན་རྒྱུན་གྱི་བལྟ་དཔྱད་བྱེད་པའི་ནང་དོན་གཙོ་བོ་རུ་འགྱུར་བར་བཀག་འགོག་བྱས་ཏེ་སློབ་གྲྭའི་ནང་ལས་བྱ་ཇེ་ཉུང་དུ་བཏང་རུང་སློབ་གྲྭ་ཕྱི་རོལ་ནས་འགན་འཁུར་ཇེ་ལྕི་རུ་གཏོང་བར་གཏན་འགོག་བྱ་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།