ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་བརྗེ་རེས་ཚོགས་ཆེན་སྐབས129པ་མཇུག་སྒྲིལ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་བརྗེ་རེས་ཚོགས་ཆེན་སྐབས129པའ་མཇུག་སྒྲིལ།

ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་བརྗེ་རེས་ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པའམ་ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་བརྗེ་རེས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞུས་པིན་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཟླ4པའི་ཚེས24ཉིན། སྐབས་འདིའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་བརྗེ་རེས་ཚོགས་ཆེན་གྱི་གཞུང་ཕྱོགས་དྲ་ཚིགས་ལ་བལྟ་མཁན་ཁྲི3538སླེབས་ཤིང་། ཁྱོན་བསྡོམས་རྒྱལ་ཁབ་དང་ས་ཁུལ227ནས་ཡོང་བའི་ཉོ་སྒྲུབ་ཚོང་པས་བརྗེ་རེས་ཚོགས་ཆེན་ལ་བལྟས་ཤིང་། ཉོ་སྒྲུབ་ཚོང་པའི་གྲངས་ཀ་འཕར་བསྣོན་བྱུང་བ་དང་། ཡོངས་ཁུངས་ས་གནས་ཀྱིས་ཟིན་ཐོ་སྐྲུན་ཞིང་། རྒྱུ་མང་ཅན་འཛམ་གླིང་ཅན་གྱི་ཁྱད་ཆོས་རྒྱུན་འཁྱོངས་བྱས་ཤིང་། འགྲེམ་སྟོན་ཁེ་ལས་ཁྲི2.6གིས་དྲ་ཐོག་ནས་གཅིག་བསྡུས་འགྲེམ་སྟོན་དུ་ཞུགས་པ་དང་། འགྲེམ་སྟོན་དངོས་རྫས་ཁྲི276དྲ་ཐོག་ཏུ་བཞག་ཅིང་། དེ་སྐབས་སྔོན་མ་ལས་དངོས་པོ་ཁྲི29ཇེ་མང་དུ་སོང་བ་དང་། ཐོན་རྫས་གསར་པ་ཁྲི84ལ་སླེབས་ཏེ་སྐབས་སྔོན་མ་ལས་ཁྲི11ཇེ་མང་དུ་སོང་། རིག་ནུས་ཐོན་རྫས་ཁྲི11ཡོད་པ་དང་། དེ་སྐབས་སྔོན་མ་ལས་ཁྲི1གིས་མང་དུ་ཕྱིན་ཡོད་ཟེར།

སྐབས་འདིའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་བརྗེ་རེས་ཚོགས་ཆེན་གྱིས་མངའ་ཁོངས་ནང་ཁུལ་གྱི་ཉོ་སྒྲུབ་ཚོང་པ་གདན་འདྲེན་ཚད་ཆེ་རུ་བཏང་བ་དང་། ཁྱོན་བསྡོམས་མངའ་ཁོངས་ནང་ཁུལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི1.2ཀྱིས་ཐོ་འགོད་བྱས་པ་དང་། མངའ་ཁོངས་ནང་ཁུལ་གྱི་ཉོ་སྒྲུབ་ཚོང་པས་ཉོ་ཚོང་བརྗེ་རེས་ཚོགས་ཆེན་ལ་འབྲེལ་འདྲིས་ཐེངས2400བྱས་པ་དང་། མངག་ཐོ2000ཙམ་འབྱོར། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།