ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་གསར་བརྗེའི་གློག་བརྙན་བརྒྱ་ཡི་མུ་འབྲེལ་རི་མོ》ཐོག་མར་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་པར་སྐྲུན་ཅུས་ཡིས་མཛུབ་སྟོན་དང་། ཀྲུང་གོའི་པར་སྐྲུན་སྡེ་ཚོགས་ཀྱི་ཁོངས་གཏོགས་ཀྲུང་གོའི་དམངས་གཙོའི་ཁྲིམས་སྐྱོང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་གསར་བརྗེའི་གློག་བརྙན་བརྒྱ་ཡི་མུ་འབྲེལ་རི་མོ》ཚེས23ཉིན་པེ་ཅིང་དུ་ཐོག་མར་འགྲེམ་སྤེལ་བྱས།

དཔེ་ཚོམས་དེར་མུ་འབྲེལ་རི་མོ་དང་གསར་བརྗེའི་གློག་བརྙན100ལྷག་ཚུར་སྣང་བྱས། ཐོག་མའི་འགྲེམ་སྤེལ་མཛད་སྒོའི་སྟེང་ཀྲུང་གོའི་པར་སྐྲུན་སྡེ་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། དཔེ་ཚོམས་དེས་གོ་སླ་བའི་རྣམ་པས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ100ཡི་འོད་སྟོང་འབར་བའི་ལོ་རྒྱུས་དང་། རླབས་ཆེ་བའི་གྲུབ་འབྲས་དང་ཉམས་མྱོང་རྩ་ཆེན་མངོན་ནས། མི་རྣམས་ཀྱིས་དེའི་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར“ནུས་པ་ལྡན་པ”དང་། མར་ཁེ་སི་རིང་ལུགས་ཅིའི་ཕྱིར“ཆོག་པ”ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར“བཟང་བ”སོགས་ཀྱི་གནས་ལུགས་མྱོང་རོལ་བྱས་པ་མ་ཟད། རྒྱ་ཆེའི་ན་གཞོན་གྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ལ་སྟེགས་བུ་མཁོ་འདོན་བྱས།

མཚམས་སྦྱོར་བྱས་པ་ལྟར་ན། འབྲེལ་ཡོད་སྡེ་ཁག་གི་མཛུབ་སྟོན་རྒྱབ་སྐྱོར་འོག  དཔེ་ཚོམས་དེ་སློབ་ར་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སོགས་སུ་སོང་ནས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། དཔེ་ཀློག་བརྒྱུད་དེ་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་རྟེན་གཞི་རྒྱུན་འཛིན་བཅས་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།