དུས་ཚིགས་དང་པོར་རང་རྒྱལ་གྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི2351གསར་སྣོན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་ནུས་ཁུངས་ཅུས་ནས་རྒྱུས་ལོན་པ་ལྟར་ན། དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་གཞི་རྩའི་འཛུགས་སྐྲུན་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི2351གསར་སྣོན་བྱས་ཤིང་། འབྲི་ཆུའི་འགག་གསུམ་གློག་འདོན་ས་ཚིགས་ཀྱི་སྟོང་ཝ་ཁྲི2250ཡི་གློག་འདོན་འཕྲུལ་ཆས་ཀྱི་གློག་འདོན་ཚད་ལས་ཆེ་ལ། ན་ནིང་གི་དུས་མཉམ་ལས་གློག་སྟོང་ཝ996ཇེ་མང་དུ་ཐོན་སྐྱེད་བྱས། དེའི་ཁྲོད། ཆུ་གློག་སྟོང་ཝ་ཁྲི109ཡོད་པ་དང་། མེ་གློག་སྟོང་ཝ་ཁྲི1060ཡོད། ཉིང་རྡུལ་གློག་སྟོང་ཝ་ཁྲི115ཡོད། རླུང་ནུས་ཀྱི་གློག་འདོན་ཚད་སྟོང་ཝ་ཁྲི526དང་། ཉི་ནུས་ཀྱི་གློག་འདོན་ཚད་སྟོང་ཝ533བཅས་ཡོད། བསྐྱར་སྐྱེས་ཐོན་ཁུངས་ཀྱིས་གློག་འདོན་ཚད་དེ་གསར་སྣོན་འཕྲུལ་ཆས་ཀྱི་གློག་འདོན་ཚད་ཀྱི་བསྡུར་ཚད་ལས50%བརྒལ་ཡོད།

དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་གློག་ཁུངས་བཟོ་སྐྲུན་ཐད་དངུལ་གཏོང་སྒོར་དུང་ཕྱུར795ལེགས་འགྲུབ་བྱས་ཏེ་དུས་མཉམ་ལས31.3%འཕར། རྒྱལ་ཡོངས་ཀྱི་གློག་དྲ་བཟོ་སྐྲུན་ཐད་དངུལ་གཏོང་སྒོར་དུང་ཕྱུར540ལེགས་འགྲུབ་བྱས་ཏེ་དུས་མཉམ་ལས48%འཕར། ཟླ3པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར22.3ལ་སླེབས་ཏེ་དུས་མཉམ་ལས9.4%འཕར། འགྱུར་རྡོ་མིན་པའི་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་། དེའི་ཁྲོད་རླུང་ནུས་ཀྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར2.9ལ་སླེབས་ཏེ་དུས་མཉམ་ལས34.9%འཕར། ཉི་ནུས་ཀྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར2.6ལ་སླེབས་ཏེ་དུས་མཉམ་ལས24%འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།