ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་སྐར་མ་མིག་དམར་སྟེང་གི་འཕྲུལ་འཁོར་ཐོག་མའི་མིང་ལ་ཀྲུའུ་རུང་ཞེས་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས24ཉིན་གྱི་སྔ་དྲོ་རང་རྒྱལ་གྱིས་སྐར་མ་མིག་དམར་སྟེང་གི་འཕྲུལ་འཁོར་ཐོག་མའི་མིང་ཁྱབ་བསྒྲགས་བྱས་ཤིང་དེའི་མིང་ལ“ཀྲུའུ་རུང”ཞེས་བཏགས། ཀྲུའུ་རུང་ནི་ཀྲུང་གོའི་གནའ་རབས་ལྷ་སྒྲུང་ནང་གི་མེ་ལྷའི་དོན་ཡིན་ལ། མེ་བཀོལ་སྤྱོད་བྱས་པ་དེས་མིའི་རིགས་ཀྱི་ཤེས་རིག་ལ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ཞིང་། མ་རིག་གི་མུན་པ་སེལ་ཞིང་དྲོད་ཁོལ་སྐྱེལ་བ་མ་ཟད། ཤེས་རིག་གི་འོད་སྣང་སྦྱིན་པ་ལས་མིའི་རིགས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་ནམ་མཁའི་སྐར་ཚོགས་ལ་འཚོལ་ཞིབ་དང་མིའི་རིགས་ལ“ནམ་ཡང་འོད་སྣང་ལྡན”པར་ཁྲིད་སྟོན་བྱས་དང་བྱེད་བཞིན་མཆིས། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།