ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆེན་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་འཚོགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཟླ4པའི་ཚེས24ཉིན་པར་བླངས་པའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆེན་གྱི་གླེང་སྟེགས་གཙོ་བོའི་ཚོགས་ར་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས23ནས་ཚེས26ཉིན་བར“མགོ་འཛུགས་ས་གསར་པ་དང་། རྒྱང་སྐྱོད་གསར་པ། མདུན་ལམ་གསར་པ”བཅས་བརྗོད་དོན་གཙོ་བོ་ཡིན་པའི་2021ལོའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆེན་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་འཚོགས། ཚོགས་ཆེན་སྟེང་རིགས་མི་འདྲ་བའི་གླེང་སྟེགས་དང་ཚན་རིག་ཁྱབ་གདལ། གྲུབ་འབྲས་འགྲེམས་སྟོན་སོགས་བྱ་འགུལ30ལྷག་བཀོད་སྒྲིག་བྱས་ཏེ་རིག་གཞུང་གླེང་སྟེགས་དང་ཐོན་ལས་ཚོགས་ཆེན། སྔོན་སྔོན་ལག་རྩལ་འགྲེམས་སྟོན། འགྲན་བསྡུར་དངོས་སྦྱོང་། རིག་གནས་གསར་གཏོད་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་སྤྱི་ཅན་དང་། ཆེད་ལས་ཅན། ཁྲོམ་ར་ཅན་གྱི་བསམ་བློ་བརྗེ་རེས་དང་མཉམ་ལས་ཀྱི་ལས་སྟེགས་སྐྲུན་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་སྔོན་ཐོན་ལག་རྩལ་ཕྱོགས་ཡོངས་ནས་མངོན་མཚོན་དང་འཇིག་རྟེན་འཕུར་སྐྱོད་ཀྱི་འབྱུང་འགྱུར་གྱི་འདོད་འདུན་འཚོལ་ཞིབ་གཏིང་ཟབ་བྱས་ཏེ་འཛམ་གླིང་གི་འཇིག་རྟེན་འཕུར་སྐྱོད་བྱ་བའི་མཉམ་ལས་ལ་གཏིང་ཟབ་སྒོས་སྐུལ་འདེད་དང་རྒྱ་ཁྱབ་ཏུ་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།