ཧན་ཀྲིན་གྱིས་སོ་སོར་ལིན་ཀྲིན་ཡའོ་ཨུ་དང་ཧི་དབྱི་ཁྲིན་གཉིས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀོང་ཀྲིག་ནས་ཀོང་ཏུང་དང་ཞང་ཀང་། ཨོ་མིན་མཚོ་ཁུག་ས་ཁུལ་གྱི་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨུ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་གཉིས་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཞང་ཀང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཉེ་བའི་དུས་སྐབས་ཤིག་ལ་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། ཞང་ཀང་དང་ཨོ་མིན་གྱིས་མུ་མཐུད་དུ་རིམས་ནད་འགོག་བཅོས་བྱ་བ་དེ་དཔལ་འབྱོར་སླར་གསོ་དང་དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་བྱ་བ་གཙོ་བོར་འཛིན་དགོས་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་སྔོན་ཆད་དང་འདྲ་བར་རྒྱབ་སྐྱོར་ཆེན་པོ་བྱེད་ངེས་ཡིན། ཀྲུང་དབྱང་གིས་ཆན་ཧེ་དང་ཧིན་ཆིན། ཧི་ཐའོ་བཅས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། སྒྲིག་སྲོལ་དང་རྐྱེན་སྲོལ་སྔར་ལས་གསར་སྐྲུན་དང་འཐུས་ཚང་དུ་གཏོང་བ་དང་། ཞང་ཀང་དང་ཨོ་མིན་གྱི་དམིགས་བསལ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པར་མ་ཟད། མཚོ་ཁུག་ས་ཁུལ་གྱི་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཞང་ཀང་དང་ཨོ་མིན་ཡུན་རིང་ལ་དར་རྒྱས་གོང་འཕེལ་དུ་འགྲོ་བ་སྲུང་འཛིན་བྱེད་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་བདེ་བླག་ངང་ལག་བསྟར་བྱས་ནས་གྲུབ་འབྲས་སྔར་ལས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།

ལིན་ཀྲིན་ཡའོ་ཨུ་དང་ཧི་དབྱི་ཁྲིན་གཉིས་ཀྱིས་ཀྲུང་དབྱང་གིས་ཞང་ཀང་དང་ཨོ་མིན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཀྲུང་དབྱང་གི་བླང་བྱ་དང་བཀོད་སྒྲིག་ལྟར། ཧུར་ཐག་སྒོས་ཀོང་ཏུང་དང་ཞང་ཀང་། ཨོ་མིན་མཚོ་ཁུག་ས་ཁུལ་གྱི་འཛུགས་སྐྲུན་ཁྲོད་ཞུགས་ནས་འབྲེལ་ཡོད་བྱ་བ་གང་ལེགས་སྒོས་བསྒྲུབ་ངེས་ཡིན་ཞེས་བསྟན།      ཞཱ་པོད་ལུང་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།