ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་མཐོ་རིམ་སློབ་གྲྭ་དཀྱུས་མའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་མཐོ་རིམ་སློབ་གྲྭ་དཀྱུས་མའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བསྟན་དོན། སྲོལ་ཡིག་ལ་བཟོ་བཅོས་དང་དེ་ལག་བསྟར་བྱས་པར་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀུན་སྤྱོད་བཟང་བའི་མི་སྣ་སྐྱེད་སྲིང་བྱེད་པའི་རྩ་བའི་ལས་འགན་དངོས་འབེབས་བཟང་བོ་བྱེད་པ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་དང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཟེར།

བརྡ་ཐོ་ལས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་དེ་འབུར་ཐོན་གོ་གནས་སུ་བཞག་སྟེ། ཏང་གིས་མཐོ་རིམ་སློབ་གྲྭར་ཁྱོན་ཡོངས་ནས་མགོ་ཁྲིད་པར་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་ཏང་གི་རྩ་འཛུགས་མ་ལག་དང་ལམ་ལུགས་མ་ལག བྱ་བའི་རྐྱེན་སྲོལ་ཆ་ཚང་དུ་གཏོང་དགོས་ལ། མཐོ་རིམ་སློབ་གྲྭའི་འཛུགས་སྐྲུན་དང་མཐོ་རིམ་སློབ་གྲྭའི་སློབ་གསོ་ལས་དོན་འཕེལ་རྒྱས་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་མཐོ་རིམ་སློབ་གྲྭས་ཏང་གི་དོན་དུ་མི་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་དོན་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྣེ་ཁྲིད་བྱེད་དགོས། སྲོལ་ཡིག་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་དྲིལ་སྒྲོག་དང་ལག་བསྟར་ནན་མོ་བྱས་ཏེ། མཐོ་རིམ་སློབ་གྲྭའི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་དང་དགེ་སློབ། ལྷག་པར་དུ་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྲོལ་ཡིག་གི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། སྲོལ་ཡིག་གི་ནང་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས་ལ། སྲོལ་ཡིག་ནང་གི་གཏན་འཁེལ་སྣ་ཚོགས་བརྩི་སྲུང་དང་ལག་བསྟར་བྱེད་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་དང་སློབ་གསོ་པུའུ་ཏང་ཙུའུ་ཡིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས། སྲོལ་ཡིག་ནུས་ལྡན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་པ་འགན་སྲུང་བྱེད་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྲོལ་ཡིག་ལག་བསྟར་བྱེད་སྐབས་ཐུག་པའི་གནས་ཚུལ་དང་གྲོས་གཞི་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་ཞུ་བྱེད་དགོས་པའི་རེ་བ་བཏོན་ཡོད།

སྲོལ་ཡིག་ལ་བསྡོམས་པས་ལེའུ་བཅུ་དང་དོན་ཚན་སོ་དགུ་ཡོད་ལ། ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་ནས་བཟུང་ལག་བསྟར་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།