ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་སྒྲིག་འགལ་ལས་བྱེད་པ་མི་ཁྲི11.6ལ་ཆད་པ་བཅད།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས21ཉིན། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་དྲ་ཚིགས་ལས་སྤེལ་བའི་གནས་ཚུལ་ལྟར་ན། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས2021ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་ལྟ་སྐུལ་དང་ཞིབ་བཤེར། ཞིབ་དཔྱད་བརྟག་དཔྱད་བྱས་ཚུལ་བརྡ་ཁྱབ་བཏང་ཡོད། 2021ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སྒྲིག་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་ཁྱོན་བསྡོམས་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་བྱེད་ཐེངས་ཁྲི83.7བདག་སྤྲོད་བྱས་པ་དང་། ཁྲི13.5ཡི་གྱོད་དོན་ཐོ་འགོད་བྱས་ཤིང་། མི་ཁྲི11.6ལ་ཆད་པ་བཅད་པ་དང་། དེའི་ནང་ཞིང་ཆེན་རིམ་པའི་ལས་བྱེད་མི་སྣ5དང་། ཐིང་ཅུས་རིམ་པའི་ལས་བྱེད་མི་སྣ715ཡོད། 

བརྡ་ཁྱབ་ནང2021ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་བྱེད་ཐེངས་ཁྲི83.7དང་ལེན་བྱས་པ་དང་། གནད་དོན་གྱི་ཁུངས་སྣེ་ཁྲི44ཐག་གཅོད་བྱས་ལ། མི་ཐེངས་ཁྲི8ལ་ཁ་བརྡ་དང་ཡིག་སྐུར་འདྲི་རྩད་བྱས་ཤིང་། གྱོད་དོན་ཁྲི13.5ཐོ་འགོད་བྱས། མི་ཁྲི11.6(དེའི་ནང་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་མི་ཁྲི9.8ཚུད་པ)ལ་ཆད་པ་བཅད་ཡོད་པ་རེད། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ5དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ715 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་སྟོང5། ཤང་དང་ཁའོ་རིམ་པའི་ལས་བྱེད་པ་ཁྲི1.6། ལས་བྱེད་པ་དཀྱུས་མ་ཁྲི1.8། གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་མི་ཁྲི7.7བཅས་ལ་ཆད་པ་བཅད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།