གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་དབུ་ཚོགས་སྐབས་བཞི་པ་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པ།

པར་འདི་ནི་སྐབས་བཞི་པའི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་དབུ་ཚོགས་ཀྱི་ཚོགས་ར་གཙོ་བོ་སྟེ་ཧྥུའུ་ཀྲོའུ་མཚོ་འགག་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་མདུན་གྱི་འབུར་བརྙན་རེད།

པར་འདི་ནི་སྐབས་བཞི་པའི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་དབུ་ཚོགས་ཀྱི་ཚོགས་ར་གཙོ་བོ་སྟེ་ཧྥུའུ་ཀྲོའུ་མཚོ་འགག་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཀྱི་ཚོགས་ར་རེད།

པར་འདི་ནི་སྐབས་བཞི་པའི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་དབུ་ཚོགས་ཀྱི་ཚོགས་ར་གཙོ་བོ་སྟེ་ཧྥུའུ་ཀྲོའུ་མཚོ་འགག་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཀྱི་ཚོགས་ར་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་དབུ་ཚོགས་སྐབས་བཞི་པ་དེ་ཟླ4པའི་ཚེས25ནས26ཉིན་བར་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འཚོག་རྒྱུ་རེད། ཐེངས་འདིའི་དབུ་ཚོགས་ཀྱིས“གཞི་གྲངས་རྒྱུ་རྐྱེན་གྱི་སྒུལ་ནུས་གསར་སྤེལ་བྱས་ཏེ་གྲངས་འཛིན་ཀྲུང་གོའི་རྒྱང་སྐྱོད་ལམ་གསར་དུ་གཏོད་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དབུ་ཚོགས་ཀྱི་གྲོས་རིམ་གཙོ་བོར་མགོ་ཚུགས་མཛད་སྒོ་དང་གླེང་སྟེགས་གཙོ་བོ། ཡན་ལག་གླེང་སྟེགས། གྲུབ་འབྲས་འགྲེམས་སྟོན། གསར་གཏོད་འགྲན་བསྡུར། སྲིད་ཇུས་ཡོངས་སྒྲོག  རྣམ་གྲངས་འབྲེལ་མཐུད་ཀྱི་གན་རྒྱ་འཇོག་པ་བཅས་ཆ་ཤས་བདུན་གྱིས་གྲུབ་ལ། “ཧྥུའུ་ཀྲོའུ·འབྱུང་འགྱུར་གྱི་གླེང་མོལ”དང“མིན་ཅང་གཙང་བོའི་གསང་གཏམ”སོགས་བསམ་བློ་བརྗེ་རེས་ཀྱི་བྱ་འགུལ་སྤེལ་རྒྱུ་མ་ཟད། “སྤྲིན་ཚོགས་སྟེང་གི་དབུ་ཚོགས”ཀྱི་ལས་སྟེགས་མུ་མཐུད་དུ་བཙུགས་ནས་དྲ་སྟེང་དང་དྲ་འོག་མཉམ་འབྲེལ་ཀྱི་བྱེད་སྒོ་ཡང་སྤེལ་རྒྱུ་རེད། མིག་སྔར་གྲ་སྒྲིག་གི་བྱ་བ་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་རེད།  །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།