ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཕོ་ལན་གྱི་གྲོས་ཁང་གོང་མའི་གྲོས་གཙོ་ཀེ་ལུའོ་ཙི་ཅི་དང་མཇལ་འཕྲད་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས22ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་གྱི་རྣམ་པ་བརྒྱུད་དེ་ཕོ་ལན་གྱི་གྲོས་ཁང་གོང་མའི་གྲོས་གཙོ་ཀེ་ལུའོ་ཙི་ཅི་དང་མཇལ་འཕྲད་གནང་།

1.jpg

ཟླ4བའི་ཚེས22ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་གྱི་རྣམ་པ་བརྒྱུད་དེ་ཕོ་ལན་གྱི་གྲོས་ཁང་གོང་མའི་གྲོས་གཙོ་ཀེ་ལུའོ་ཙི་ཅི་དང་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝང་དབྱང་གིས་བཤད་རྒྱུར། ད་ལོའི་ཟླ2པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་གྱི་རྣམ་པ་བརྒྱུད་དེ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་དབུ་ཚོགས་ལ་མགོ་འཛིན་མཛད་དེ་གསུང་བཤད་གནང་བ་དང་། ཙུང་ཐུང་ཏུའུ་ཏ་སོགས་དབུ་ཚོགས་སྟེང་ཞུགས་པའི་ཡོ་རོབ་དབུས་ཤར་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མཉམ་དུ་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་གཞི་ཆེན་མོ་གྲོས་བསྡུར་བྱས་ཏེ། གནས་བབ་གསར་བའི་འོག་མཉམ་ལས་ལ་ཤུགས་སྣོན་པར་ཐུན་མོང་གི་ངོས་འཛིན་གསར་པ་གཅིག་སྒྲིལ་དང་སྒུལ་ཤུགས་གསར་པ་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཡོ་རོབ་མཉམ་ལས་ཀྱི་དམིགས་བསལ་ཁ་ཕྱོགས་སུ་འཇོག་དགོས། ང་ཚོའི་རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་ཀྱིས་ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་རིམས་ནད་འགོག་པའི་མཉམ་ལས་སོགས་གནད་དོན་ཐད་གྲུབ་པའི་ཐུན་མོང་གི་ངོས་འཛིན་དང་འཐབ་ཇུས་ཀྱི་ཁྲིད་སྟོན་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ་དང་། མཛའ་མཐུན་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕོ་ལན་གྲོས་ཁང་གོང་མ་དང་ཕོ་ལན་སྤྱི་ཚོགས་ལས་རིགས་སོ་སོར་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།

ཀེ་ལུའོ་ཙི་ཅི་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། ཕོ་ལན་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ཕོ་ལན་ཕྱོགས་ཀྱིས་ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཉམ་ལས་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཡོ་རོབ་དང་ཀྲུང་གོའི་འབྲེལ་བར་སྔར་ལས་ཤུགས་སྣོན་རྒྱག་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་བཤད།

ལི་པིན་དང་ཀྲེན་ཅན་པང་མཇལ་འཕྲད་ཚོགས་འདུའི་ནང་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།