ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག》དཔར་འགྲེམ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུས་ཡོད)དཔར་འགྲེམ་བྱས་པ་མ་ཟད་བརྡ་སྦྱོར་བཏང་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏན་ཏིག་གིས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་སྦྱོར་ལས་བསྟན་དོན།《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་སྒྲིག་སྲོལ་རྩ་བའི་གཞི་འཛིན་སར་བཟུང་ནས། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱེད་པ། མཐོ་རིམ་སློབ་གྲྭའི་གཞི་རིམ་ཏང་རྩ་འཛུགས་བྱ་བའི་ཐད་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་བ་ནི།དུས་རབས་གསར་བའི་མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་གྱི་རྩ་བའི་བརྩི་སྲུང་ཡིན།《སྲོལ་ཡིག》གི་བཟོ་བཅོས་དང་ལག་བསྟར་བྱས་པ་དེས། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་ཁ་ཕྱོགས་ལག་བསྟར་དང་། སྤྱོད་ལེགས་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། བྱང་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་དང་། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན།

བརྡ་སྦྱོར་ལས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱས་ཏེ། མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་ཏེ། ཏང་གིས་མཐོ་རིམ་སློབ་གྲྭའི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་བསྣོན་དང་རྒྱུན་འཁྱོངས་བྱེད་པ། མཐོ་རིམ་སློབ་གྲྭའི་ཏང་གི་རྩ་འཛུགས་མ་ལག སྒྲིག་སྲོལ་མ་ལག་དང་བྱ་བའི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་དང་། མཐོ་རིམ་སློབ་གསོའི་ལས་དོན་འཕེལ་རྒྱས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། བྱང་ཚད་མཐོ་བའི་ཏང་འཛུགས་སྐྲུན་གྱིས་མཐོ་རིམ་སློབ་གྲྭའི་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་། རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པ། བྱང་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་དང་། སློབ་གསོ་པུའུ་ཏང་ཙུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས།《སྲོལ་ཡིག》ལ་ཕན་ནུས་ལྡན་པའི་སྒོ་ནས་དོན་འཁྱོལ་ལག་བསྟར་བྱེད་པར་ཁག་ཐེག་བྱ་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ཁྲོད་ཀྱི་གནས་ཚུལ་གལ་ཆེན་དང་བསམ་འཆར་དག་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་ཞུ་འབུལ་དགོས་པའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།