ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཨེ་ཅིབ་དམངས་གྲོས་ཁང་གི་གྲོས་དཔོན་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉི་ཤུ་ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པས་ཨེ་ཅིབ་དམངས་གྲོས་ཁང་གི་དཔོན་པོ་ཅཱ་པ་ལིས་དང་གྲོས་མོལ་བྱས།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན།  ཀྲུང་གོ་དང་ཨེ་ཅིབ་གཉིས་ཀྱི་མཛའ་བརྩེའི་རྒྱུན་རིང་བ་དང་།  ཨེ་ཅིབ་ནི་ཐེངས་དང་པོར་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་ཨ་རབ་དང་ཧྥེ་གླིང་གི་རྒྱལ་ཁབ་ཐོག་མ་ཡིན།  ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔའི་རིང་ལ།   རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་པ་དང་།   ཐོག་མཐའ་བར་གསུམ་དུ་བདེ་ཐང་བརྟན་འཇགས་ཀྱི་འཕེལ་རྒྱས་སྲུང་འཛིན་བྱས་ཏེ་ཀྲུང་གོ་དང་ཨ་རབ་དང་ཀྲུང་གོ་དང་ཧྥེ་གླིང་གི་མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་གྱི་དཔེ་སྟོན་དུ་གྱུར།  ཉེ་བའི་ལོ་འགའི་རིང་ལ།   ཀྲུང་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སེ་ཞི་གཉིས་ཀྱིས་མཛའ་བརྩེའི་འགྲོ་འོང་སྲུང་འཛིན་བྱས་པ་དང་།    ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བའི་ཆུ་ཚད་མཐོ་བའི་མགྱོགས་མྱུར་འཕེལ་རྒྱས་མངོན་འགྱུར་བྱེད་པར་མཉམ་དུ་སྣེ་ཁྲིད་བྱས།   ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ནས་ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།    ཨེ་ཅིབ་ཀྲུང་གོའི་ཕྱི་འབྲེལ་གྱི་ཁྱོན་ཡོངས་ཀྱི་གོ་གནས་གལ་ཆེན་དུ་བཞག་ཡོད།   ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ།  རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་དོན་འཁྱོལ་ནན་མོ་བྱེད་པ་དང་།   སྲོལ་རྒྱུན་མཛའ་བརྩེ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ལ།    ཀྲུང་གོ་དང་ཨེ་ཅིབ་ཀྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན།   ཀྲུང་གོ་དང་ཨེ་ཅིབ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་།    གཉིས་ཕན་མཉམ་ལས་དང་མཐུན་སྦྱོར་རོགས་རེས་ལ་ཤུགས་བསྣན་ནས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་།  འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་བ།     རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུའི་རེ་བ་བྱེད་བཞིན་ཡོད།   ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་དང་བཅས་པའི་ཧྥེ་གླིང་གི་རྒྱལ་ཁབ་དང་ཨ་རབ་ཀྱི་རྒྱལ་ཁབ་དང་མཉམ་དུ་ཕན་ཚུན་རྒྱབ་སྐྱོར་དང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ།   དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་མཐུན་སྦྱོར་རོགས་རེས་བྱས་ཏེ་ཀྲུང་གོ་དང་ཧྥེ་གླིང་དང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་གཏོང་འདོད་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན།  ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན།  ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཨེ་ཅིབ་དམངས་གྲོས་ཁང་བར་གྱི་བརྗེ་རེས་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་དང་ཕྱོགས་གཉིས་ཀྱི་མཉམ་ལས་གྲོས་མཐུན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཅཱ་པ་ལིས་ཀྱིས་བཤད་རྒྱུར།  ཨེ་ཅིབ་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ངེས་ཡིན།   ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་།    རྒྱུད་གཅིག་ལམ་གི་སྒྲོམ་གཞིའི་འོག་མཉམ་ལས་ལ་ཤུགས་སྣོན་པ་དང་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།