ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་འཇར་མན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་མཱ་སི་ལ་བརྙན་ལམ་བརྒྱུད་ནས་གྲོས་མོལ་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཚེས21ཉིན་འཇར་མན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་མཱ་སི་ལ་བརྙན་ལམ་བརྒྱུད་ནས་གྲོས་མོལ་གནང་། 

ཝང་དབྱི་ཡིས་བཤད་རྒྱུར། ན་ནིང་གི་ཚུན་དུ་ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་སྤྱིའི་ཆ་ནས་བརྟན་བརླིང་རྒྱུན་འཁྱོངས་བྱས་ཡོད། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་མཛའ་གྲོགས་ཡིན་པའི་ཆ་ནས་ཀྲུང་གོ་དང་འཇར་མན་གཉིས་ཀྱིས་ནམ་ཡིན་ཡང་ཕན་ཚུན་ལ་བརྩི་འཇོག་བྱེད་པའི་རྩ་བའི་རྩ་དོན་དང་ཉམས་མྱོང་ལ་རྒྱུས་ལོན་གང་ལེགས་བྱ་རྒྱུ་དང་གླེང་མོལ་མཉམ་ལས་ཀྱི་དབྱངས་རྟ་གཙོ་བོ་རྒྱུན་འཁྱོངས། ཕྱི་ཕྱོགས་ལ་སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་གྱི་བརྡ་རྟགས་སུ་གཏོང་དགོས། ཕྱོགས་གཉིས་ཀྱིས“འབྲེལ་གཅོད”གྱེན་ལྡོག་ལ་མཉམ་གཅིག་ཏུ་བཀག་འགོག་བྱས་ནས་ཕྱོགས་མང་རིང་ལུགས་ཀྱི་སྲུང་སྐྱོང་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན་ཞིག་བྱེད་དགོས། 

མཱ་སི་ཡིས་བསྟན་དོན། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་བར་མཐོང་ཆེན་བླ་མེད་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་ཐད་གླེང་མོལ་བྱ་རྩིས་ཡོད་པ་མ་ཟད་དངོས་ཕན་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་གཅིག་དུ་གོ་ལ་ཧྲིལ་བོའི་གནད་དོན་དང་འགྲན་སློང་ལ་ཁ་གཏད་གཅོད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།